དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དུས་ཆེན་གྱི་ཁྲོམ་རར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-14

    འདི་ནི་ཞིབ་བཤེར་བྱེད་བཞིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྔོན་ནས་བཀོད་སྒྲིག་བྱས་ཏེ་ལྷ་ས་གྲོང་ཁྱེར་དུ་དུས་ཆེན་གྱི་ཁྲོམ་རར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཤིང་། དུས་ཆེན་རིང་གི་ཁྲོམ་རའི་སྒྲིག་སྲོལ་ལ་སྲུང་སྐྱོང་གང་ལེགས་བྱས་པ་རེད།

    ད་ཐེངས་ཀྱི་ཆེད་དོན་ཞིབ་བཤེར་ལ་ཕན་འབྲས་དངོས་ཐོན་ཆེད། དུས་ཆེན་གྱི་འཛད་སྤྱོད་ཁྱད་ཆོས་དང་ཟུང་འབྲེལ་གྱིས་ཞིབ་བཤེར་ཚོགས་ཆུང་ཞིང་ཞོར་ཚོང་ར་དང་། བཟའ་བཏུང་ཞབས་ཞུ་ཚན་པ། བཟའ་བཅའ་ཕྱིར་འཚོང་ཚན་པ་སོགས་སུ་བསྐྱོད་ནས་ཚོང་གཉེར་བྱེད་པོའི་ལག་ཁྱེར་ཚང་མིན་དང་། འཛིན་ཤོག་འདོན་སྤྲོད་དང་རྩིས་ཁྲ་ཚད་ལྡན་ཡིན་མིན། ཚོང་ཟོག་གི་རིན་གོང་གསལ་པོ་བཀོད་ཡོད་མེད། དུས་ཚོད་ཡོལ་བའི་བཟའ་བཅའ་འཚོང་མིན་སོགས་ཀྱི་ཐད་གཙོ་གནད་ཞིབ་བཤེར་བྱས་པ་མ་ཟད། ཟ་ཁང་གི་ཐབ་ཚང་གཙང་སྦྲའི་ཐད་འཕྲལ་དུ་ཞིབ་བཤེར་བྱས་ནས་ཟས་སྣོད་གཙང་འཁྲུད་དུག་སེལ་དང་། བཟའ་བཅའ་ཉར་ཚགས། ལས་གཉེར་མི་སྣའི་བདེ་ཐང་དོ་དམ་སོགས་ཀྱི་ཐད་མཛུབ་ཁྲིད་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།