དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཡུལ་སྐོར་ལས་རིགས་སུ་མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་དྲིལ་བསྒྲགས་དང་གསོ་སྦྱོང་གི་ཚ་རླབས་འཕྱུར་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-10

    ལྷ་ས་གྲོང་ཁྱེར་གྱི་སྟོན་དགུན་དུས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་མེ་ཟོན་བདེ་འཇགས་དང་མེ་སྐྱོན་སྔོན་འགོག་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ཡུལ་སྐོར་ལས་རིགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་དྲིལ་བསྒྲགས་དང་གསོ་སྦྱོང་གི་ཚ་རླབས་འཕྱུར་བར་བྱས་པ་རེད།

    བྱེད་སྒོ་སྤེལ་རིང་། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་རིམ་ཁག་མེ་ཟོན་སྡེ་ཚན་གྱིས་མེ་ཟོན་རྒྱུན་ཤེས་དྲིལ་བསྒྲགས་ཀྱི“གཤམ་ སྤེལ་དྲུག”གི་ལས་དོན་དང་ཟུང་འབྲེལ་བྱས་ནས། མེ་ཟོན་དྲིལ་བསྒྲགས་རླངས་འཁོར“མཛེས་ལྗོངས་ཁུལ་དུ་སྐྱོད་པ”དང་དུད་ཚང་དུ་བསྐྱོད་ནས་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་སྐོར་སྐྱོད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། རིམ་ཁག་དྲིལ་བསྒྲགས་པས་མི་སྣ་འདུ་འཛོམས་ཆེ་བའི་འགག་གནད་དང་གཙོ་གནད་སྒྲིག་བཀོད་སོགས་ཀྱི་མངོན་གསལ་དོད་སར་དྲིལ་བསྒྲགས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། རྒྱ་ཁྱབ་བརྡ་སྦྱོར་སྦྱོར་བ། དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་དངོས་རྫས་སྤྲོད་པ་བཅས་བྱས་ནས། འགྲོ་འོང་བྱེད་མཁན་ཡུལ་སྐོར་བ་དང་མང་ཚོགས་ལ་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དུས་ཐོག་ཏུ་སྒྲོག་འགྲེལ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཚན་པས་གནད་དོན་གྱི་མངོན་མེད་རྐྱེན་ངན་ཡང་དག་འཚོལ་བར་རོགས་རམ་བྱས་ནས། ཁེ་ལས་ཀྱིས་གདུབ་ཟུམ་དག་ཐེར་བྱེད་པར་ལྟ་སྐུལ་དང་ཁེ་ལས་ཀྱི་ཉེན་ཁ་འགོག་ཟོན་བྱེད་ནུས་ཆེ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་རིམ་ཁག་མེ་ཟོན་སྡེ་ཚན་གྱིས་རྒྱུན་གཏན་གྱི་མེ་སྐྱོན་སྔོན་འགོག་གི་ལྟ་སྐུལ་ལས་དོན་དང་ཟུང་འབྲེལ་བྱས་ནས། མཛེས་ལྗོངས་ཁུལ་གྱི་གསོལ་མགྲོན་ཁང་དང་། མགྲོན་ཁང་། ཟ་ཁང་བཅས་ཀྱི་ཁ་འགྲེམས་བགྲོད་ལམ་དང་བདེ་འཇགས་ཐོན་སྒོ་ཤར་བགྲོད་ཐུབ་མིན་དང་། མེ་གསོད་ཡོ་ཆས་ཀྱི་སྒྲིག་བཀོད་ཚད་ལྡན་ཡིན་མིན་དང་གོ་ཆོད་མིན། སྒྲིག་འགལ་ངང་མེ་སྤྱོད་དང་། གློག་སྤྱོད། སོལ་རླངས་སྤྱོད་པ་སོགས་ཀྱི་གནས་ཚུལ་ཡོད་མེད་ལ་ཞིབ་བཤེར་བྱས་པ་མ་ཟད། གནད་དོན་ཡོད་སར་དམིགས་ནས་ལྟ་སྐུལ་དག་ཐེར་དང་དྲིལ་བསྒྲགས་སློབ་གསོ་བརྒྱབ་པ་རེད། དེ་དང་ཆབས་ཅིག སྤྱི་ཚོགས་ཚན་པའི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྱི་དམར་འདོན་ལས་དོན་སྤེལ་བ་བརྒྱུད། འབྲེལ་ཡོད་ཚན་པས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་དག་ཐེར་བྱེད་པར་ལྟ་སྐུལ་བྱས་ནས། ཁེ་ལས་དང་ཚན་པས་བསླབ་བྱ་ཟབ་མོ་ལེན་པར་སྐུལ་འདེད་བཏང་བར། ཉེན་གཏོང་ཟིལ་གནོན་གྱི་ནུས་པ་གལ་ཆེན་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།