རྒྱལ་ཁབ་སྒོ་མོ་བརྟན་པོར་བསྲུངས། འགན་འཁྲི་ཁུར་ནས་བྱས་རྗེས་བཞག
ལེགས་རྩེ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་གནས་སྤོས་ཡུལ་མི་དོ་དམ་ལས་དོན་ཏན་ཏིག་བསྒྲུབས་པ།
ལེགས་རྩེ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་སྐོར་གཡེང་བྱེད་བཞིན་པ།
ལེགས་རྩེ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་གད་དམར་གྲོང་ཚོའི་མང་ཚོགས་ལ་ཁྲག་ཤེད་ལྟ་བཞིན་པ།
ཡག་ར་ཤང་གི་སློབ་ཆུང་སློབ་མས“སྤྲིན་ཚོམ་དཔེ་ཁང”དུ་དཔེ་དེབ་ལྟ་བཞིན་པ། (ལེགས་རྩེ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་པར་མཁོ་འདོན་བྱས)
ལེགས་རྩེ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་གྱི་འགག་སྒོ་སྒོ་ཕྱེ་ནས་ལོ་གཅིག་ལྷག་ཙམ་སོང་རིང་། ས་ཚིགས་དེའི་མི་དམངས་ཉེན་རྟོག་པ་46ཀྱིས་རི་བོ་མཐོ་ཞིང་ལམ་ཐག་རིང་ལ། གྲང་ངར་ཆེ་བ་དང་གསོ་རླུང་དཀོན་པ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་ནས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ། “གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ངལ་དང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་སར་གོ་རྟོགས་མཐོ་བའི”ཕུགས་འདུན་དང་དད་སེམས་ཁྲག་རྒྱུན་ནང་འདྲེས་པར་བྱས་ནས་རང་ཉིད་ཀྱི་རྣམ་དཔྱོད་དང་། འཇོན་ཐང་། ལེགས་སྐྱེས། དཀའ་སྤྱད་བཅས་ལ་བརྟེན་ནས་ལེགས་རྩེའི་གནས་སྤོས་ཡུལ་མི་དོ་དམ་བྱ་གཞག་འཕེལ་རྒྱས་ཡོང་བར་བྱས་ཡོད།
དར་ཆ་མཐོན་པོར་སྒྲེང་བ་དང་ལས་འགན་བསྒྲུབས་ཏེ་སྒྲིག་ཁྲིམས་གོང་བཀུར་དང་བདེ་འཇགས་འགན་ལེན་བྱས་པ།
ལེགས་རྩེ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པ་འགག་རྩའི་གནས་བབ་ཐོག་འཇོག་རྒྱུར་དམ་འཛིན་ནན་པོ་བྱས་ནས། བརྟག་དཔྱད་ཀྱི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་དང་། གནད་དོན་བཅོས་སྒྲིག་ལ་ཞིབ་བཤེར། གཞི་རིམ་གྱི་རེ་འདུན་ཐག་གཅོད་བཅས་རྒྱུན་ཆད་མེད་པར་བྱས་ཤིང་། 2024ལོར་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཚོགས་འདུ་ཐེངས་10འཚོགས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཀྲུང་དབྱང་སྲིད་ཁྲིམས་ལས་དོན་ཚོགས་འདུ། རྒྱལ་ཡོངས་སྤྱི་བདེའི་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར་ཤུགས་སྣོན་ཟམ་མི་ཆད་པར་རྒྱག་པ་དང་། བརྟག་དཔྱད་སྙན་ཞུ་8འབྲི་བ། གཙོ་གནད་གནད་དོན་ཁག་31གསེད་བཀྲོལ། བྱ་ཐབས་ཁག་34བཟོས་ནས་བཅོས་སྒྲིག་དོན་འཁྱོལ་ལ་རྗེས་འདེད་གཏོང་བ་བཅས་བྱས་པ་མ་ཟད། ཡིག་ཆ་ཁུ་བསྡུ་དང་། ཚོགས་འདུའི་ཐེངས་གྲངས་ཚོད་འཛིན་ནན་པོ། ལྟ་སྐུལ་ཞིབ་བཤེར་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་དཔུང་ཁག་གི་ནང་སྐྱེས་སྒུལ་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱས་ལ། དམངས་གཙོ་གཅིག་སྡུད་ལམ་ལུགས་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་རྩ་འཛུགས་ཀྱི་འཚོ་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ཏང་ཨུད་ཀྱི་ཚོགས་འདུ་ཐེངས་12འཚོགས་ཏེ་གྲོས་གཞི་ཁག་80ལ་ཞིབ་འཇུག་བྱས་ཡོད།
དོ་དམ་ནན་པོ་དང་ཡུན་རིང་བཅོས་སྐྱོང་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་བདེ་འཇགས་དུས་བབ་ལ་དབྱེ་ཞིབ་དང་ཏང་སྲོལ་སྲིད་གཙང་ལ་དབྱེ་ཞིབ་སོགས་ཀྱི་ལས་ཀའི་ལམ་ལུགས་དོན་འཁྱོལ་གྱིས“མི་རེས་བྱ་བ་རེ་སྒྲུབ་པ”ཞིབ་ཚགས་སུ་བཏང་ནས“རྒྱུན་དུ་བྱེད་དགོས་པ་གཉིས”ཀྱི་ལས་དོན་ཏན་ཏིག་བསྒྲུབས་པ་དང་། 《ལེགས་རྩེ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ནང་ཁོངས་ཀྱི་དོ་དམ་གཏན་འབེབས》བཟོས་ཏེ་མི་དམངས་ཉེན་རྟོག་པའི་རྒྱུན་གཏན་གྱི་གོམས་གཤིས་ཚད་ལྡན་དུ་བཏང་བ་མ་ཟད། ལེགས་རྩེ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་སྒྲིག་ཨུད་བཙུགས་པ་དང་ཚན་ཁག་གི་ཁོངས་མིའི་སྲིད་གཙང་ཡིག་ཚགས་ཀྱང་འཐུས་སྒོ་ཚང་དུ་བཏང་སྟེ། ཡིན་མིན་གསལ་འབྱེད་དང་། དྲང་གཞག་བདེན་འཁྱོངས། སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་ཁོར་ཡུག་བཏོད་ཡོད། འགག་སྒོ་སྒོ་ཕྱེ་བ་ནས་བཟུང་། རྒྱུན་རྣམ་ཅན་གྱི་སྒོ་ནས་ཨ་རག་ཉིང་ཁུ་འདུས་ཚད་ལ་ཞིབ་བཤེར་ཐེངས་130ལྷག་ཙམ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཐེངས་30 ས་གནས་ས་ཐོག་ཏུ་ལྟ་སྐུལ་ཞིབ་བཤེར་ཐེངས་60ལྷག་ཙམ། སློབ་གསོ་སྣ་ཚོགས་བརྒྱབ་ནས་དྲན་སྐུལ་ཐེངས་50ལྷག་ཙམ་བཅས་བྱས་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་བསལ་ཏེ་དཔུང་ཁག་ནང་ཁོངས་སུ་བདེ་འཇགས་དང་བརྟན་ལྷིང་ཡོང་བར་བྱས་ཡོད།
ལས་འགན་ནན་སྒྲུབ་ཀྱིས་ཉེན་ཁ་སྔོན་འགོག་དང་བྱང་ཚད་མཐོ་རུ་བཏང་ནས་རྨང་གཞི་བརྟན་དུ་བཏང་བ།
ལེགས་རྩེ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་གནད་སྨིན་ཇུས་འདོན་དང་། མཐའ་མཚམས་ཞིབ་བཤེར་ལྟེ་གནས་ཀྱི་ལས་ཀ་གཙོ་བོར་དམིགས་ཏེ་ཆབ་སྲིད་ཀྱི་བདེ་འཇགས་དང་། བདེ་སྲུང་ལས་དོན་གལ་ཆེན། ཆེད་དོན་བྱ་སྤྱོད། མཐའ་མཚམས་ཚོང་དོན་སླར་གསོ། ཉེན་དོན་མཉམ་ལས། ཁྲིམས་སྐྱོང་འཛུགས་སྐྲུན། ནུས་པ་མཐོར་གཏོང་བཅས་ཀྱི་གཙོ་གནད་ལས་དོན་བདུན་ཡག་པོ་བསྒྲུབས་ཏེ། འགག་སྒོ་ཤར་བགྲོད་བདེ་བླག་ཡོང་བའི་སྒོ་ནས་བདེ་སྲུང་དང་བརྟན་ལྷིང་གི་ལས་འགན་ཁག་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་ཤིང་། འགག་སྒོ་སྒོ་ཕྱེ་བ་ནས་བཟུང་། རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་33126དང་རླངས་འཁོར་ཐེངས་116ཟིན་པ་དང་། ཁྲིམས་འགལ་བ་མི་ཐེངས་61ཤེས་ནས་ཐག་གཅོད་བྱས་ཡོད།
སྤུས་རྟགས་བཏོད་ནས་ཉམས་བཟང་མངོན་པ་དང་དམངས་ལ་ཞབས་འདེགས་ཞུས་ནས་མི་སེམས་དྲོས་པ།
ལེགས་རྩེ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས“གངས་ལྗོངས་མཐའ་བརྟན་གྱི་ཏང་འཛུགས་སྐྱོང་ཁུལ”ལ་བརྟེན་ནས“ཚྭ་ལུག་བརྗེ་ཚོང་གནའ་ལམ། མཁའ་དབྱིངས་རྒྱལ་སྒོའི”ཏང་འཛུགས་ཀྱི་སྤུས་རྟགས་ནུས་ཤུགས་ཡོད་རྒུསབཏོད་ཡོད།
མང་ཚོགས་ཀྱི་ལས་དོན་དང་མི་རིགས་ཀྱི་ལས་དོན་གཅིག་ལ་གཅིག་རྟེན་ངང་ཟུང་དུ་སྦྲེལ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཡོན་གདོང་ལེན་གྱི་ལས་གནས་འཛུགས་པ་དང་། ཏང་འཛུགས་སྐྱོང་གི་གདོང་ལེན་ཞབས་ཞུའི་རུ་ཁག་སྒྲིག་འཛུགས། འདྲུད་འཁོར་ཆུང་ཆུང་ཉོ་བ་བཅས་བྱས་ནས“སྤྲིན་ཚོམ་གྱི་རྒྱལ་ཁབ་སྒོ་མོས་དམངས་ལ་རོགས་སྐྱོར་བྱེད་པའི”ཞབས་འདེགས་ཞུས་ཏེ། སྒོ་རྩར་འཐུང་ཆུ་སྐྱེལ་བ་དང་འོས་འགན་སྨན་བཅོས་བྱེད་པའི་བྱེད་སྒོ་སྤེལ་ནས་མང་ཚོགས་དབར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད།
འགག་སྒོ་ཁུལ་གྱི་རིག་གནས་རོལ་རྩེད་སྒྲིག་བཀོད་ཀྱི་ལེ་ལག་འཐུས་སྒོ་ཚང་པོ་མེད་པའི་དོན་དངོས་ལ་གཞིགས་ནས“སྤྲིན་ཚོམ་དཔེ་ཁང”དང་། “སྤྲིན་ཚོམ་གློག་བརྙན་ཁང” “སྤྲིན་ཚོམ་ལུས་སྦྱོང་ཁང” “དམངས་ཕན་འཁྲུད་ཁང” རིག་གནས་རོལ་རྩེད་ཁང་། ཚད་ལྡན་ཅན་གྱི་ལན་ཆིའུ་སྤོ་ལོའི་ཐང་། སྔོ་ལྗང་ཤེལ་ཁང་སོགས་ནུས་ཤུགས་ཡོད་རྒུས་བསྐྲུན་ནས་བཅའ་སྡོད་བྱ་ཡུལ་མང་ཚོགས་ལ་སྒོ་ཕྱེ་སྟེ། མང་ཚོགས་ཀྱི་གཟུགས་པོ་འཁྲུད་དཀའ་བ་དང་རིག་གནས་དང་རོལ་རྩེད་ཀྱི་ཐོན་ཁུངས་མི་འདང་བ་སོགས་ཀྱི་དཀའ་ངལ་ནུས་ཤུགས་ཡོད་རྒུས་བསལ་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོ་བཙུགས་ནས་ལེགས་རྩེའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ཡག་པོ་བརྗོད་ཡོད།