གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས།
འདྲི་གཅོད་ལས་དོན་ལ་སྐུལ་འདེད་བཏང་བས་ཞིབ་དཔྱོད་དང་ཁྲིམས་ཁང་གི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བྱུང་བ།
ཉེ་ཆར་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་པ་རེད། དིང་རི་རྫོང་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་ཀྲེང་ཡུང་ཀང་གིས་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་དིང་རི་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཅན་ཁྲ་ཀྲང་བསོད་ཆུང་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་དང་འབྲེལ། དོགས་གནད་ཆེ་བ་དང་རྙོག་འཛིང་ཆེ་བའི་གྱོད་གཞི་ཁག་གསུམ་ལ་དམིགས་ནས་ཟུར་ཞུགས་བསམ་འཆར་བཏོན་ཏེ་འདྲི་གཅོད་ལས་དོན་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཞིབ་དཔྱོད་དང་ཁྲིམས་ཁང་གི་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱུང་བ་རེད།
ཚོགས་འདུའི་ཐོག 《ཁྲིམས་གཅོད་ལག་བསྟར་གཏན་ནས་མི་བྱེད་པ་དང་ཉེས་དོན་གྱོད་གཞིའི་བཀའ་བཅད་ཐད་སྤྱོད་རྒྱུར་འཚམ་པའི་བཅའ་ཁྲིམས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་གསལ་འགྲེལ》དང《ཁྲིམས་ཆད་ཡང་དུ་གཏོང་བ་དང་ཚོད་བགམ་གློད་འགྲོལ་གྱི་གྱོད་གཞི་སྒྲུབ་གཉེར་བྱེད་པའི་རྒྱུ་ནོར་རང་བཞིན་གྱི་ཁྲིམས་གཅོད་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། ལྗོངས་ཞིབ་དཔྱོད་ཁང་། ལྗོངས་ཁྲིམས་འཛིན་ཐིང་བཅས་ཀྱི་སྤྱད་འཐུས་ཕྱོགས་སྟོན(ཚོད་ལྟའི་ལག་བསྟར)》སོགས་ཀྱི་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
ཚོགས་འདུའི་ཐོག་རང་འགུལ་དང་ཧུར་ཐག་ངང་ལྟ་སྐུལ་དང་ལེན་ཞུ་དགོས་པ་དང་ལྷག་པར་དུ་ཞིབ་དཔྱོད་གྲོས་འགོ་བཏོན་པ་དང་ལྟ་སྐུལ་བསྐྱར་ཞིབ་བྱ་རྒྱའི་གྱོད་གཞིར་མཐོང་ཆེན་དང་། སྤུས་ཚད་མཐོ་པོས་ཡོ་བསྲང་། ནུས་ལྡན་ངང་ཐག་གཅོད་བཅས་བྱས་ནས“ལྟ་སྐུལ་ཁྲོད་སྤུས་འབྲས་ལེགས་གཉེར་དང་། སྤུས་འབྲས་ལེགས་གཉེར་ཁྲོད་ལྟ་སྐུལ་དང་ལེན་ཞུ་བའི”འཁོར་རྒྱུག་བཟང་པོ་རིམ་བཞིན་ཆགས་པར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།