དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མངའ་རིས་ས་ཁུལ་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-10

    དགུན་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་སྟེ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བདེ་འཇགས་ཀྱི་དོ་དམ་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཉེ་ཆར། མངའ་རིས་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་མངའ་རིས་ས་ཁུལ་གྱི“གངས་ལྗོངས་མེ་གསོད་རུ་ཁག·མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་ཚོགས་པ”གདན་དྲངས་ནས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་ཀྱི་ཆེད་ལས་དཔུང་ཁག་ལ་ཆེད་དོན་གསོ་སྦྱོང་བྱས་པ་རེད།

    འཆད་ཁྲིད་ཚོགས་པས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་ཁྱད་ཆོས་ལ་དམིགས་ཏེ། མེ་སྐྱོན་་གྱི་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་མེ་སྐྱོན་གྱི་འབྱུང་རྐྱེན་དང་གནོད་འཚེ་ནས་མེ་སྐྱོན་སྔོན་འགོག་དང་མེ་གསོད་ཇི་ལྟར་བྱེད་པའི་བར་དང་། དེ་ནས་མེ་སྐྱོན་གྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དོན་ཚན་འགྲེལ་བཤད་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་སློབ་ཚན་ཁྲིད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།