དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བོད་དམག་ཁུལ་ཁང་གི་ལུའེ་ཤོག་ཅིག་ཏུ་ལྗོངས་ཡོངས་ཀྱི་གཞི་རིམ་དུ་ཕྱོགས་པའི་གསོ་རླུང་ཁང་ཐོག་མ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-07




     ཉེ་ཆར། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོཌ་བྱུང་བར། དགུན་དུས་སླེབས་པ་དང་བསྟུན་ནས་བོད་དམག་ཁུལ་ཁང་གི་ལུའེ་ཞིག་ཏུ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་གསར་གཏོད་བྱ་ཐབས་ཞིག་སྟེ། ལྗོངས་ཡོངས་ཀྱི་གཞི་རིམ་ལ་ཕྱོགས་པའི་གནོན་ཤུགས་ཆུང་བའི་གསོ་རླུང་ཁང་ཐོག་མ་སྤྱོད་འགོ་ཚུགས་པ་རེད།

    ལུའེ་དེ་ས་བབ་ཅུང་མཐོ་བའི་ས་ཁུལ་དུ་གནས་པ་དང་། མཁའ་རླུང་ནང་གསོ་རླུང་འདུས་ཚད་ཐང་གཤོང་གི་70%ཡང་མེད་ལ། ལོ་འཁོར་མོར་བྱེ་རླུང་ལྡང་ཞིང་རང་བྱུང་ཁོར་ཡུག་ཧ་ཅང་ཞན་པས། གསོ་རླུང་དཀོན་པའི་གནད་དོན་གྱིས་སྔ་བར་ཕྱི་གསུམ་དུ་དཔོན་དམག་ཚོའི་རྒྱུན་གཏན་གྱི་འཚོ་བ་དང་སྦྱོང་བརྡར་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། ས་མཐོའི་ལ་དུག་ཕོག་ཚད་ཆུང་དུ་བཏང་ནས་དཔོན་དམག་ཚོའི་གཟུགས་པོའི་བྱང་ཚད་དང་འཐབ་ནུས་ཆེ་རུ་གཏོང་ཆེད། བརྟག་ཞིབ་ཞིབ་ཚགས་དང་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད་བོད་དམག་ཁུལ་ཁང་གི་ལུའེ་ཞིག་གིས་སྔོན་ཐོན་གྱི་གནོན་ཤུགས་ཆུང་བའི་གསོ་རླུང་ཁང་ལག་རྩལ་ནང་འདྲེན་བྱས་པ་མ་ཟད། སྔོན་ལ་གཞི་རིམ་གྱི་དཔུང་སྡེར་ཚོད་ལྟ་བྱེད་རྒྱུའི་ཐག་བཅད་ཡོད།

    འཐབ་འཛིང་པ་ཆིང་དབྱི་ཡུན་གྱིས། དེ་སྔོན་ས་མཐོར་སྦྱོང་བརྡར་བྱེད་སྐབས། དབུགས་ཧལ་བ་དང་ལུས་པོས་མི་འཁྱོག་པ་བྱེད་མོད། གནོན་ཤུགས་ཆུང་བའི་གསོ་རླུང་རྔུབ་ཁང་སྤྱད་པ་ནས་བཟུང་། རང་ཉིད་ཀྱི་དབུགས་འབྱིན་རྔུབ་ཧ་ཅང་བདེ་རུ་ཕྱིན་ལ། གཟུགས་པོའང་མངོན་གསལ་གྱིས་ཡག་ཏུ་ཕྱིན་སོང་ཞེས་བཤད།

    ལུའེ་དེའི་འགོ་ཁྲིད་ཀྱིས“གནོན་ཤུགས་ཆུང་བའི་གསོ་རླུང་ཁང་ནང་འདྲེན་བྱས་པ་དེས་དཔོན་དམག་ཚོའི་འཚོ་བའི་སྤུས་ཚད་ལེགས་སུ་སོང་ལ། དཔུང་སྡེའི་འཐབ་ནུས་ཆེ་རུ་འགྲོ་བར་ཡང་ཕན་ཐོགས་བྱུང་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།