པ་སྣམ་རྫོང་གིས་སྨན་རྫས་བདེ་འཇགས་ཀྱི་ཐོལ་བྱུང་དོན་རྐྱེན་ལ་འཕྲལ་སྡོམ་གྱི་ནང་སྦྱོང་བྱས་པ།
ཉིན་ཤས་གོང་། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་། རྫོང་སྤྱི་བདེ་ཅུས། རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྫོང་འཕྲལ་སྡོམ་དོ་དམ་ཅུས། རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། དེ་བཞིན་ཤང་དང་གྲོང་རྡལ་ཁག་གི་འཕྲོད་བསྟེན་ཁང་བཅས་དང་མཉམ་དུ“2024ལོའི་པ་སྣམ་རྫོང་གི་སྨན་རྫས་བདེ་འཇགས་ཀྱི་ཐོལ་བྱུང་དོན་རྐྱེན(རིམ་པ་IV)ལ་འཕྲལ་སྡོམ་གྱི་ནང་སྦྱོང”བྱས་པ་རེད།
ད་ཐེངས་ཀྱི་འཕྲལ་སྡོམ་ནང་སྦྱོང་བརྒྱུད། འཕྲལ་སྡོམ་བཀོད་འདོམས་སྒྲིག་གཞི་དང་ཁོངས་མིའི་ཚན་པས་འཕྲལ་སྡོམ་གྱི་ཐག་གཅོད་གོ་རིམ་དང་བརྒྱུད་རིམ་ལ་བྱང་ཆ་ཆེ་རུ་ཕྱིན་པ་དང་། འཕྲལ་སྡོམ་དང་ལེན་དང་མགྱོགས་མྱུར་ཐག་གཅོད་བྱེད་ནུས་ལ་ཚོད་བགམ་ཆེན་པོ་ཐེབས་ཏེ། འཕྲལ་སྡོམ་སྔོན་ཇུས་སྔར་བས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས། འཕྲལ་སྡོམ་སྔོན་ཇུས་ཀྱི་གོ་ཆོད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་རུ་གཏོང་བར་རྨང་གཞི་བཏིང་ཡོད་པ་རེད།