རང་ལྗོངས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ།
འདི་ལོའི་ཟླ་11ནས་བཟུང་། བོད་ཀྱི་བྱང་ཐང་དང་། ཤིན་ཅང་ཨའར་ཅིན་ཧྲན། མཚོ་སྔོན་གྱི་ཁུ་ཁུ་ཤིས་རི་བཅས་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྡེ་ཚན་གྱིས་མི་35ལས་གྲུབ་པའི་མཉམ་འབྲེལ་སྐོར་སྲུང་ཚོགས་ཆུང་བཙུགས་ནས“ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་བཏང་སྟེ་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་དྲག་ཆས་སྐོར་སྲུང་བྱས་པ་རེད། ད་ཐེངས་ཀྱི་སྐོར་སྲུང་ལམ་ཐག་སྤྱི་ལེ་3100ཟིན་པ་དང་ལམ་བར་དུ་ས་ཁོངས་གལ་ཆེན་20ལྷག་ཙམ་བརྒྱུད་ནས་རི་སྐྱེས་སྲོག་ཆགས་རིགས་12ཀྱི་མགོ་གྲངས་1700ལྷག་ཙམ་ཟིན་ཐོར་བཀོད་པ་དང་། ཁྲིམས་འགལ་ངང་རང་བྱུང་སྲུང་སྐྱོང་ཁུལ་དུ་འཛུལ་བའི་རླངས་འཁོར་གཉིས་བཀག་འགོག་བྱས་ཤིང་། ཁྲིམས་འགལ་ངང་རང་བྱུང་སྲུང་སྐྱོང་ཁུལ་དུ་འཛུལ་མཁན་4ལ་ཕྱིར་ལོག་བྱ་རྒྱུའི་ཁ་ཏ་བསླབ་བྱ་བྱས་ནས་སྐྱེ་ཁམས་ཐོན་ཁུངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས། བོད་ཀྱི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་སླར་གསོ་བྱུང་ནས་མང་དུ་ཕྱིན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིཌ་ན། གཙོད་ཀྱི་གྲངས་འབོར་དུས་རབས་གོང་མའི་ཉུང་ཤོས་ཀྱི་མགོ་གྲངས་ཁྲི་7ལྷག་ཙམ་ནས་ད་ཆའི་མགོ་གྲངས་ཁྲི་30ལྷག་ཙམ་བར་མང་དུ་ཕྱིན་ཡོད་པ་རེད།
དེ་དང་ཆབས་ཅིག རང་ལྗོངས་ཀྱིས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བཅས་སུ་གླ་བ་སོགས་རི་སྐྱེས་སྲོག་ཆགས་མི་ཐབས་ལ་བརྟེན་ནས་གསོ་ཚགས་བྱེད་པའི་རྣམ་གྲངས་སྤེལ་བས་མི་ཐབས་ལ་བརྟེན་ནས་རི་སྐྱེས་སྲོག་ཆགས་རྒྱུད་སྤེལ་བྱེད་པའི་གཞི་ཁྱོན་རགས་ཙམ་ཆགས་ཤིང་། 2023ལོའི་ཟླ་2པར། སྨན་གླིང་གྲོང་ཁྱེར་གླ་བ་གསོ་ཚགས་དཔེ་སྟོན་རྟེན་གཞི་སྐྲུན་འགོ་ཚུགས་ནས་མིག་སྔའི་བར་ཚང་མ་བསྐྲུན་ཟིན་པ་དང་འབྲེལ། ཚོང་འགུགས་མ་འདྲེན་གྱི་ཁེ་ལས་བོད་ལྗོངས་གླ་བ་ཞིང་ནགས་གསར་སྤེལ་ཚད་ཡོད་ཀུང་སིས་གཉེར་སྐྱོང་བྱས་པ་རེད། 2019ལོར་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་སྙེ་མོ་ཤང་གླ་བ་གསོ་ཚགས་རྟེན་གཞི་བསྐྲུན་ཟིན་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཏེ་ས་གནས་དེ་གའི་ཞིང་འབྲོག་ཁྱིམ་ཚང་42ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་པ་རེད། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཤྭ་བ་མཆུ་དཀར་སྐྱེ་ཁམས་གླིང་ཚད་ཡོད་ཀུང་སི་ནི་ལྷོ་ཁ་གྲོང་ཁྱེར་གྱི་རི་སྐྱེས་སྲོག་ཆགས་གསོ་འཕེལ་རྟེན་གཞི་འབའ་ཞིག་དེ་ཡིན་ཞིང་། “ཁེ་ལས་དང་། ཞིང་དུད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་བཅས་ཟུང་དུ་འབྲེལ་བའི”རྣམ་པའི་ཐོག་ནས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་20ལྷག་ཙམ་བྱུང་བ་དང་2018ལོ་ནས་བཟུང་ཁེ་ལས་ལ་འབབ་འཕར་སྒོར་ཁྲི་100ལྷག་ཙམ་བྱུང་ཡོད་པ་རེད།
མིག་སྔར་ལྗོངས་ཡོངས་སུ་རང་བྱུང་སྲུང་སྐྱོང་ཁུལ་47དང་། རྒྱལ་སྤྱིའི་འདམ་ར་གལ་ཆེན་4 རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་22 རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་9བཅས་ཡོད་པས། རང་ལྗོངས་ཀྱི་80%ཡན་གྱི་རྩ་ཆེ་ལ་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་། ཁྱབ་ཁུལ། འཚོ་གནས། དཔེ་མཚོན་གྱི་སྐྱེ་ཁམས་མ་ལག་བཅས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།