དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་གི་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-31

    འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས་ན་སོ་དར་ལ་མ་བབས་པའི་མིར་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་བཞིན་པ།

     ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འགལ་ཉེས་གསོག་བཅོས་སྒྲིག་གི་ལས་ཀའི་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས། ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་དང་བཀག་འགོག་ནུས་ལྡན་བྱ་ཆེད། འདི་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས་ན་སོ་དར་ལ་མ་བབས་པའི་མིར་ཁྲིམས་ལུགས་དྲིལ་བསྒྲགས་ཐེངས་270ལྷག་ཙམ་བྱས་པ་རེད།

    སློབ་གྲྭའི་བདེ་འཇགས་ལས་འཛོལ་སྔོན་འགོག་ནུས་ལྡན་བྱ་ཆེད། སྡེ་ཁུལ་ཉེན་དོན་ཁང་དང་དམངས་ཕན་ཉེན་དོན་ཞབས་ཞུའི་ས་ཚིགས་ཀྱིས་སློབ་གྲྭ་ཚུཌ་པ་དང་གྲོལ་བའི་དུས་ཚོད་སུ“སློབ་སྲུང་ལས་གནས”ཀྱི་ཉེན་རྟོག་པ་བཀོད་སྒྲིག་གིས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མགྱོགས་ལ་ནུས་ལྡན་གྱི་རོགས་རམ་བྱས་ཏེ་སློབ་གྲྭའི་ཉེ་འཁོར་དུ“ཉེན་རྟོག་པ་དང་། ཉེན་རྟོག་རླངས་འཁོར། ཉེན་ཟོན་གློག་སྒྲོན”བཅས་ཡོད་པར་བྱས་ནས་སློབ་མར་གཡས་གཞོཌ་གཡོན་འདེགས་བྱེད་པ་དང་ཆབས་ཅིག་སློབ་གྲྭར་བཅའ་སྡོད་མི་དམངས་ཉེན་རྟོག་པས་ད་དུང་སློབ་གྲྭ་དང་མཉམ་དུ་འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་ནང་སྦྱོང་དང་དངོས་འཐབ་རྩལ་ནུས་གསོ་སྦྱོང་བྱས་ནས། སློབ་གྲྭའི་འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་འཕྲལ་སྡོམ་བྱ་སྤྱོད་དང་ཐག་གཅོད་ནུས་པ་ཆེ་རུ་ནུས་ལྡན་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།