སྙེ་མོ་རྫོང་སྤྱི་བདེ་ཅུས་ཀྱིས་AEDསྲོག་སྐྱོབ་ཡོ་བྱད་སྤྲོད་པ་དང་སྤྱོད་སྟངས་གསོ་སྦྱོང་གི་མཛད་སྒོ་འཚོགས་པ།
སྤྱི་བདེའི་ཆབ་སྲིད་ལས་དོན་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། སྤྱི་བདེའི་ཆབ་སྲིད་ལས་དོན་གྱི་སྲོག་རྩ་ལྟ་བུའི་ནུས་པ་འདོན་སྤེལ་དང་། དེ་བས་ལེགས་པའི་ཞབས་ཞུ། སྤྱི་ཡོངས་ལ་འགན་ལེན་བཅས་བྱ་ཆེད། ཉེ་ཆར་སྙེ་མོ་རྫོང་སྤྱི་བདེ་ཅུས་ཀྱིས་རང་འགུལ་ལུས་ཕྱིའི་འདར་སེལ་ཡོ་བྱད(AED)སྤྲོད་པའི་མཛད་སྒོ་འཚོགས་པ་དང་འབྲེལ་གསོ་སྦྱོང་བྱེད་སྒོའང་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། མངགས་གཏོང་ཁང་དང་། རུ་ཁག ས་ཚིགས། ཅུས་བཅས་ཀྱི་སྡེ་ཚན་ཁག་ལ་AEDམྱུར་སྐྱོབ་སྒྲིག་ཆས་སྤྲད་པ་དང་འབྲེལ་ཆེད་ལས་དགེ་རྒན་གདན་དྲངས་ནས་ཉེན་རྟོག་པ་དང་ཉེན་རྟོག་ལས་རོགས་ལ་སྤྱོད་སྟངས་གསོ་སྦྱོང་དང་མྱུར་སྐྱོབ་རྩལ་ནུས་གསོ་སྦྱོང་བྱས་པ་རེད། དེའི་དམིགས་ཡུལ་ནི་སྤྱི་བདེ་དཔུང་ཁག་གི་འཕྲལ་སྡོམ་མྱུར་སྐྱོབ་རྩལ་ནུས་ཆེ་རུ་གཏོང་བ་དང་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་རང་སྐྱོབ་དང་སྐྱོབ་རེས་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། ཉེན་རྟོག་པར་གཅེས་སྐྱོང་དང་དྲོ་སྐྱིད་སྦྱིན་པའི་བྱ་ཐབས་ཁག་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་རྒྱུ་དེ་ཡིན་པ་རེད།