བོད་དམག་ཁུལ་ཁང་གིས“དམག་ཧྲག་སྐུལ་སློང་བྱས་ནས་2024ལོའི་ཡུལ་དམག་གི་གནས་ཚུལ་དཔྱད་ཞིབ་བྱེད་སྒོ”སྤེལ་བ།
འདི་ནི“དམག་མི་ཧྲག་པོ་སྐུལ་སློང་བྱས་ནས་2024ལོའི་ཡུལ་དམག་གི་གནས་ཚུལ་དཔྱད་ཞིབ་བྱེད་སྒོ”སྤེལ་ཡུལ་ཡིན་པ།
འདི་ནི་འབར་མདེལ་སྒམ་དབོར་བའི་དཔྱད་ཞིབ་བྱེད་པ།
འདི་ནི་འཕྲལ་སྡོམ་འཕྲིན་གཏོང་འགན་ལེན་གྱི་དཔྱད་ཞིབ་བྱེད་པ།
འདི་ནི་མི་མེད་གནམ་གྲུའི་མྱུལ་ཞིབ་ཀྱི་དཔྱད་ཞིབ་བྱེད་པ།
འདི་ནི་ལས་གྲྭའི་འཕྲུལ་ཆས་བཀོལ་སྤྱོད་ཀྱི་དཔྱད་ཞིབ་བྱེད་པ།
ཡུལ་དམག་ནི་རྒྱལ་ཁབ་དྲག་ཆས་སྟོབས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལས་རོགས་དང་རྗེས་གྲབས་སྟོབས་ཤུགས་ཤིག་རེད། ཉེ་ཆར་བོད་དམག་ཁུལ་ཁང་གིས“དམག་ཧྲག་སྐུལ་སློང་བྱས་ནས་2024ལོའི་ཡུལ་དམག་གི་གནས་ཚུལ་དཔྱད་ཞིབ་བྱེད་སྒོ”སྤེལ་ཏེ་ཡུལ་དམག་གི་རྒྱབ་སྐྱོར་འགན་ལེན་ནུས་པ་ཁྱོན་ཡོངས་ནས་སྦྱོང་བརྡར་བྱས་པ་རེད། ད་ཐེངས་ཀྱི་དྲག་རྩལ་འགྲན་བསྡུར་དཔྱད་ཞིབ་རིང《ཡུལ་དམག་གི་དམག་དོན་སྦྱོང་བརྡར་རྩ་འཛིན》གསར་པར་ནན་གྱིས་གཞིགས་ཏེ་ཡན་ལག་དམག་ཁུལ་ཁང(ཉེན་ཟོན་བདེ་སྲུང་ཁུལ)ཁག་འགྲན་བསྡུར་ནང་ཞུགས་ནས“གཅིག་སྡུད་སྒྲིག་འཛུགས་དང་། ཚོགས་ཆུང་ཁག་བགོས་ལག་བསྟར། ས་གནས་ས་ཐོག་ཏུ་དཔྱད་བསྡུར”བཅས་ཀྱི་བྱ་ཐབས་གཞིར་བཟུང་། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་། རྨང་གཞིའི་ལུས་ཤུགས། ཆེད་ལས་རྩལ་ནུས་སོགས་ལ་དཔྱད་ཞིབ་བྱས་པ་རེད།