མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“དམངས་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་ཆེན་མོའི”བྱེད་སྒོ་སྤེལ་བ།
འདི་ནི་མེ་གསོད་པས་མེ་ཁེབས་ཡོ་ཆས་ཡང་དག་ངང་སྤྱོད་སྟངས་སློབ་བཞིན་པ།
ཉིན་ཤས་གོང་མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“དམངས་ཡོངས་མེ་ཟོན་ནང་ཞུགས། ཚེ་སྲོག་གོང་དུ་བཀུར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ས་ཁུལ་གྱི་རིམ་ཁག་མེ་ཟོན་རོགས་སྐྱོབ་དཔུང་ཁག་སྒྲིག་འཛུགས་ཧུར་ཐག་བྱས་ཏེ“དམངས་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་ཆེན་མོའི”བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་ངང་རྒྱུད་རིང་པོས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་ཁྱིམ་ཚང་གི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཇི་ལྟར་གྲལ་བཤེར་དང་། མེ་ཟོན་མེ་གསོད་ཀྱི་རྒྱུན་ཤེས། མེ་ཤོར་ཡུལ་དུ་རང་སྐྱོབ་རྩལ་ནུས་སོགས་མེ་ཟོན་ཤེས་བྱ་ཁྱབ་གདལ་བཏང་བ་མ་ཟད། ཚང་མར་མེ་ཟོན་དྲིལ་བསྒྲགས་བརྡ་ཁྱབ་དང་དྲིལ་བསྒྲགས་ལག་དེབ་ཀྱང་སྤྲད་པ་རེད། མེ་ཟོན་ཡོ་བྱད་འགྲེམས་ཁུལ་དུ་མེ་ཟོན་པས་མེ་ཟོན་མེ་གསོད་ཡོ་བྱད་སྤྱོད་སྟངས་དངོས་སྦྱོང་བྱས་པ་དང་ཆབས་ཅིག མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ད་དུང་སྐད་འཕྲིན་དང་དཔོད་ཆུང་སོགས་སྨྱན་སྦྱོར་གསར་པའི་ལས་སྟེགས་བརྒྱུད་བདེ་འཇགས་དྲན་སྐུལ་དང་མེ་ཟོན་གྱི་སྤྱི་ཕན་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ། མེ་ཟོན་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་བཏོད་ཡོད།