ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་གི་ཐོན་ཞིག་གིས་དམག་གསར་དམག་སྒར་ལ་ཞུགས་པའི་མཛད་སྒོ་འཚོགས་པ།
འདི་ནི་དམག་གསར་དམག་སྒར་ལ་ཞུགས་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།
ཉེ་ཆར་ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་གི་ཐོན་ཞིག་གིས་2024ལོའི་སྟོན་དུས་ཀྱི་དམག་གསར་དམག་སྒར་ལ་ཞུགས་པའི་མཛད་སྒོ་འཚོགས་ཤིང་། འཐབ་གྲོགས་གསར་པ་ཚོ་གཅིག་རྗེས་གཉིས་མཐུད་ངང་ལས་གནས་གསར་པར་བསྐྱོད་དེ་དམག་དཔུང་ལ་ཞུགས་པའི་ལེའུ་གསར་པ་དངོས་སུ་རྩོམ་འགོ་ཚུགས་པ་རེད།
བློ་མཐུན་གསར་པ་དམག་སྒར་ལ་ཞུགས་པའི་སློབ་ཚན་དང་པོ་ཡག་པོ་འཁྲིད་ཆེད། རྔམ་བརྗིད་ལྡན་པའི་དམག་གླུའི་ཁྲོད་མཛད་སྒོ་འགོ་ཚུགས་ཤིང་། དཔོན་དམག་ཡོངས་ཀྱིས་བརྩེ་བ་ཟབ་མོ་དང་བློ་སྟོབས་ཆེ་ཞིང་དཔའ་ངར་ཆེན་པོས་དཀའ་ཚེགས་དང་དཀའ་སྡུག་ལ་མི་སྐྲག་པར་འཐབ་རྩོད་བྱེད་ཕོད་པའི་མི་དམངས་དམག་དཔུང་གི་སྤོབས་སེམས་མཚོན་པར་བྱས་པ་རེད།
ཐོན་གྱི་འགོ་ཁྲིད་པས་དམག་གསར་རེ་རེ་བཞིན་ལ་ལག་པ་བཏང་བ་དང་ཁ་བཏགས་གཡོགས་ནས་མངགས་བཅོལ་དང་སྨོན་འདུན་ཞུས་ཏེ། འཐབ་གྲོགས་གསར་པ་ཚོས་དཔུང་སྡེའི“ཁྱིམ་ཚང་ཆེན་པོའི”མཛའ་བརྩེ་དང་དྲོ་སྐྱིད་འཕྲལ་དུ་ཚོར་བར་བྱས་པ་རེད།