དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྤོ་བོ་རྫོང་གིས་སྲིད་འཛིན་ཁྲིམས་སྒྱུར་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-26

    ཉེ་ཆར། སྤོ་བོ་རྫོང་གིས་2024ལོའི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཆེད་དོན་གསོ་སྦྱོང་དང་སྲིད་འཛིན་ཁྲིམས་སྒྱུར་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

    གསོ་སྦྱོང་འཛིན་གྲྭར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆད་གཅོད་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆོག་འཐུས་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་དང་སྲིད་འཛིན་ཁྲིམས་སྒྱུར་གྱི་གོ་རིམ་དང་བརྒྱུད་རིམ་དཔེ་སྟོན་དང་། ཁྲིམས་སྒྱུར་གྱོད་ཚགས་ཡིག་རིགས་བཟོ་བ་དང་ཡིག་ཁོངས་སུ་འཇུག་པ་སོགས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་གྱི་ལག་ལེན་དངོས་ལ་གཙོ་བོར་དམིགས་ནས་རྒྱ་ཆེའི་སྲིད་འཛིན་ཁྲིམས་སྒྱུར་མི་སྣས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་ངང་ལག་ལེན་བསྟར་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ་དང“འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སྲིད་འཛིན་ཁྲིམས་སྒྱུར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་ལག་བསྟར་དོན་འཁྱོལ་ཡོང་བའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།