ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཤ་རིགས་ཐོན་རྫས་ལ་འཐེན་བཤེར་གྱི་ལས་དོན་སྤེལ་བ།
ཤ་རིགས་ཐོན་རྫས་ཀྱི་ལྟ་འདོམས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་བཟའ་བཏུང་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱ་ཆེད། 《བོད་རང་སྐྱོང་ལྗོངས་ཀྱི་ཤ་རིགས་ཐོན་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་ལས་ཀའི་ལག་བསྟར་ཇུས་གཞིའི》སྐོར་གྱི་བོད་རང་སྐྱོང་ལྗོངས་བཟའ་བཅའི་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་དང་ལྷ་ས་གྲོང་ཁྱེར་བཟའ་བཅའི་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གི་བླང་བྱར་གཞིགས་ནས། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་ནས་འཚོང་བའི་ཤ་རིགས་ཐོན་རྫས་ལ་འཐེན་བཤེར་བྱས་པ་རེད།
ད་རེས་ཀྱི་འཐེན་བཤེར་བྱེད་པའི་དམིགས་ཡུལ་ནི་ཤ་རིགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་ཤ་རིགས་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱ་ཆེད་རེད།
གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“ལྟ་འདོམས་ནན་པོ་དང་བདེ་འཇགས་འགན་སྲུང”བྱེད་པའི་ལས་ཀའི་འདུ་ཤེས་མུ་མཐུད་མཐའ་འཁྱོངས་བྱས་ནས་ཐོན་རྫས་ཀྱི་བདེ་འཇགས་ལྟ་འདོམས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་ལྟ་འདོམས་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས་མི་དམངས་མང་ཚོགས་ལ་དེ་བས་བདེ་འཇགས་དང་བློས་འགེལ་ཆོག་པའི་ཤ་རིགས་ཐོབཟའ་བཅའ་འཛད་སྤྱོད་མཁོ་འདོན་བྱ་རྒྱུ་རེད།