2024ལོའི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་ཁ་བསླུས་འགོག་ཟོན་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།
2024ལོར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་པ་བརྒྱུད་གྱོད་དོན་ཐོ་འགོད་བྱེད་གྲངས་དང་གྱོང་གུན་དངུལ་གྲངས་གཉིས་ཀ་ཆག་པ་དང་། འཛིན་བཟུང་མི་གྲངས་དང་གྱོད་གཞི་རྩད་གཅོད་བྱེད་གྲངས་གཉིས་ཀ་འཕར་བའི“གཉིས་ཆག་གཉིས་འཕར”གྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད། མིག་སྔའི་བར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་འབྲེལ་མ་དངུལ་སྒོར་ཁྲི་ཆིག་སྟོང་ལྷག་ཙམ་ཕྱིར་སློག་བྱས་ནས་ཁ་བསླུས་ཐེབས་པའི་མང་ཚོགས་ལ་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་མི་ཕོག་པར་བྱས་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་ལོ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁ་བསླུས་འགོག་ཟོན་ལྟེ་གནས་ཀྱིས་སྣེ་ཁྲིད་ནས་མཉམ་རུབ་དམག་འཐབ་ཐེངས་གསུམ་བརྒྱབ་སྟེ་རྒྱལ་ནང་གི་ཁ་བསླུས་ནག་ཚང་གཅིག་དང་། ཁ་བསླུས་དངུལ་གཙང་སྒྱུར་དང་འབྲེལ་བ་ཡོད་པའི་ཚོགས་པ་བདུན། ཁ་བསླུས་དང་འབྲེལ་བའི་རྣག་འདྲེན་ཚོགས་པ་གསུམ་བཅས་གྲུབ་འབྲས་ཐོབ་པའི་ངང་མེད་པར་བཟོས་པ་དང་། ཁ་བསླུས་དང་འབྲེལ་བ་ཡོད་པའི་ཉེས་གསོག་དོགས་ཅན་90ལྷག་ཙམ་བཟུང་བ་རེད། དེ་དང་ཆབས་ཅིག་ལྟེ་གནས་དེས་མཉམ་སྒྲུབ་བྱ་ཐབས་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་གྱོད་དཔེ་གསར་པར་རྒྱུན་རྣམ་ཅན་གྱི་ཉེན་བརྡ་གཏོང་བའི་ལས་ཀའི་བྱ་ཐབས་ཆགས་པར་བྱས་ཏེ“བརྒྱུད་རིམ་ཧྲིལ་པོར”ཁ་ཏ་བསླབ་བྱ་དང་དྲན་སྐུལ་དང“ཁྱོན་ཡོངས་ལ་ཁྱབ་པའི”སྔོན་འགོག་དྲིལ་བསྒྲགས་ཏན་ཏིག་ཐུབ་པར་བྱས་པ་རེད།
ཉེ་ཆར་འཚོགས་པའི་མ་དངུལ་ཕྱིར་སློག་གི་མཛད་སྒོའི་ཐོག་གནོད་འཚེ་ཕོག་མཁན་མང་པོ་ཞིག་གིས་ཕྱིར་སློག་མ་དངུལ་བླངས་པ་དང་འབྲེལ་གོས་དར་ཕུལ་ནས་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པར་བྱས་པ་རེད།