དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ཁྲིམས་འཛིན་སྲིད་འཛིན་གྱི་འགན་ནུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-24

    གསར་འགོད་པར་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཁྲིམས་སྐྱོང་བརྟག་ཞིབ་དང་ལྟ་ཞིབ་ཁྲུའུ་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ཀྲུང་དབྱང་ཁྲིམས་བཞིན་རྒྱལ་སྐྱོང་གཞུང་དོན་ཁང་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དང་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཤིང་། “དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ཁྲིམས་བཞིན་བོད་སྐྱོང་དང་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་འགན་ནུས་ཁག་ཕྱོགས་ཡོངས་ནས་ལག་བསྟར་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུཌ་སྐྱོང་ལ་སྐུལ་འདེད་བཏང་ནས་ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ནུས་ལྡན་ཞུས་པ་རེད།

    ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་འགན་འཁྲི་ལག་བསྟར་དང་སྐུལ་འདེད་ནན་པོ་བཏང་ཞིང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་མཁན་དང་པོའི་འགན་འཁྲི་ལག་བསྟར་ནན་པོ་བྱས་ཏེ་འགན་འཁྲིའི་གསལ་ཐོ་བཟོས་པ་དང་གཙོ་གནད་ལས་འགན་ཁ་གསལ་བཟོས་ཡོད། གཙོ་གནད་ལས་དོན་སྒྲུབ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ལྟ་བཤེར་ལམ་ལུགས་བཙུགས་པ་དང་སྒྲུབ་སྐུལ་གསལ་ཐོ་བཟོས་ནས་འགན་འཁྲི་དོན་འཁྱོལ་ཡོང་བར་སྐུལ་མ་བཏང་ཡོད། སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱི་ཚོགས་འདུ་དང་། ཐིང་ཀྲང་གི་གཞུང་ལས་ཚོགས་འདུ། ལས་ཀའི་འཆར་ཅན་ཚོགས་འདུ། ཆེད་དོན་ཚོགས་འདུ་སོགས་ཀྱི་རྣམ་པར་བརྟེན་ནས་དུས་བཀག་ནང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་གནས་ཚུལ་སྙན་སེང་ཉན་པ་དང་། འབྲེལ་ཡོད་གནད་དོན་ལ་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་ཀྱང་བྱས་ཡོད།

    ཚད་ལྡན་ཅན་དང་། གོ་རིམ་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ཞིང་། ཁྲིམས་བཀོད་དབང་ཚད་ལ་བརྩི་སྲུང་ནན་པོ་ཞུས་ནས་སྲིད་འཛིན་ཐབས་ཇུས་ཀྱི་ཁྲིམས་བཀོད་གོ་རིམ་ལག་བསྟར་བྱས་པ་དང་། བཅའ་ཁྲིམས་བློ་འདྲིའི་ལས་དོན་ལ་སྐུལ་འདེད་རྒྱུན་མཐུད་བཏང་བ། འགན་འཁྲི་དང་འོས་འགན་སྔར་བས་ཁ་གསལ་བཟོས་ནས་བཅའ་ཁྲིམས་ཀྱི་བསམ་འཆར་གང་ལེགས་ཉན་ཡོད། སྲིད་འཛིན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་ལ་འདྲ་མཉམ་མིན་པའི་ལྟ་སྟངས་འཛིན་པའི་སྲིད་ཇུས་གཙང་སེལ་ལས་དོན་སྤེལ་ཏེ། རང་སྐྱོང་ལྗོངས་སྲིད་གཞུང་གི་སྒྲིག་སྲོལ་ཁག་16གཙང་སེལ་བྱས་པ་དང་1ལ་བཟོ་བཅོས་རྒྱག་རྩིས་ཡོད་པ་དེས་སྲིད་ཇུས་ཡིག་ཆ་ཁྲིམས་བཞིན་དང་གཏན་འབེབས་དང་མཐུན་པར་འགན་སྲུང་ནུས་ལྡན་བྱས་ཡོད།

    ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་འགན་འཁྲི་ལག་ལེན་ནན་པོ་བསྟར་ཞིང་། སྲིད་འཛིན་ཁྲིམས་སྒྱུར་གྱི་ལམ་ལུགས་ཁག་གསུམ་དང་སྲིད་འཛིན་ཁྲིམས་སྒྱུར་གྱི་སྤུས་ཚད་མཐོ་རུ་གཏོང་བའི་ལོ་གསུམ་བྱ་སྤྱོད་འཆར་གཞིར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། ལྗོངས་ཡོངས་ཀྱི་ས་གནས་ས་ཐོག་གི་ཚོཌ་འདུ་དང་དུས་འབྲིང་གི་ཕྱོཌ་སྡོམ་ཚོཌ་འདུ་འཚོགས་ཏེ་ཡིག་སྒྲིལ་ལ་གཅིག་སྡུད་དཔྱད་བཤེར་དང་མངོན་གསལ་དོད་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་གི་ལས་དོན་སྤེལ་ཏེ། སྲིད་འཛིན་ཁྲིམས་སྒྱུར་གྱི་མཐུན་སྦྱོར་ལྟ་སྐུལ་ལས་དོན་གྱི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་ཁག་10འདོན་རྒྱུར་སྐུལ་འདེད་བཏང་བ་རེད།

    སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལེགས་སུ་རྒྱུན་མཐུད་བཏང་ཞིང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ས་ཚིགས་དང་། དྲ་རྒྱ། ཐད་སྦྲེལ་ཁ་པར་བཅས་ལས་སྟེགས་ཆེན་པོ་གསུམ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བརྟན་པོ་བཏང་སྟེ། བཅའ་ཁྲིམས་ཞབས་ཞུའི་རང་འགུལ་དུད་སྣེའི་འཕྲུལ་ཆས་སྒྲིག་སྦྱོར་བྱས་པ་དང་། ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་6དང་ཁྲིམས་རྩོད་པའི་ལས་དོན་ཁང་11གསར་དུ་བཙུགས་ཡོད། དང་བླངས་ཁྲིམས་རྩོད་པ་དང་གཞུང་དཔང་བ་བོད་དུ་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུ་བར་ཡོང་རྒྱུར་མཐུན་སྦྱོར་བྱས་ཏེ་ཁྲིམས་དཔོན་དང་། ཞིབ་དཔྱོད་དཔོན། ཉེན་རྟོག་དཔོན་བཅས་3069དང་ཁྲིམས་རྩོད་པ་652ཀྱིས་གྲོང་ཚོའི(གྲོང་ལྷན)བཅའ་ཁྲིམས་བློ་འདྲིའི་འགན་འཁུར་རྒྱུར་མཐུན་སྦྱོར་བྱས་པ་རེད། གཞུང་དཔང་ཁག་12255དང་ཁྲིམས་འཛིན་གསལ་འབྱེད་ཁག་3826ཞིབ་གཅོད་བྱས་པ་དང་། འདུམ་གཅོད་གྱོད་གཞི་268དང་བཅའ་ཁྲིམས་ཀྱི་རོགས་སྐྱོར་གྱོད་གཞི་སྣ་ཚོགས་7988བདག་སྤྲོད་བྱས་ཏེ་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་6497ལྷག་ཙམ་མི་ཕོག་པ་དང་གསབ་ཐབས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།