དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷོ་རོང་རྫོང་གིས་ཕྱོགས་མང་པོ་ནས་ཤུགས་བརྒྱབ་སྟེ“འཆལ་རྡུང་ལོག་སེལ”གྱི་ ཟངས་གྱང་ལྕགས་རྩིག་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-24

    2024ལོ་ཚུན་དུ། ལྷོ་རོང་རྫོང་གིས་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་བསམ་ཕྱོགས་གསར་གཏོད་བྱེད་པ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་རིག་གནས་ཞབས་ཞུའི་མ་ལག་སྐྲུན་པར་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཕྱོགས་མང་པོ་ནས་ཤུགས་རྒྱག་པ་དང་། རིག་གནས་ཁྲོམ་རའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཟམ་མི་ཆད་པར་བརྟན་དུ་བཏང་སྟེ་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་གསོན་ཤུགས་གསར་པ་བསྣན་པ་རེད།

    ལྷོ་རོང་རྫོང་གིས་མཐོ་རིམ་ནས་ཇུས་འགོད་བྱས་པ་བརྒྱུད། “འཆལ་རྡུང་ལོག་སེལ”ལས་དོན་དེ་འདུ་ཤེས་འཛིན་སྟངས་ལས་དོན་གྱི་སྤྱི་ཡོངས་ཀྱི་འཆར་འགོད་ནང་བཅུག་ནས《2024ལོའི་རྫོང་ཡོངས་ཀྱི“འཆལ་རྡུང་ལོག་སེལ”བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི》བཟོས་ཏེ་སྡེ་ཚན་ཁག་གི་འགན་འཁྲི་ཕྱོགས་ཡོངས་ནས་ནན་དུ་བཏང་ཡོད། རྫོང“འཆལ་རྡུང་ལོག་སེལ”གཞུང་ལས་ཁང་གིས་སྣེ་ཁྲིད་དེ་ཤང(གྲོང་རྡལ)དང་གྲོང་ཚོ(སྡེ་ཁུལ)ཁག་ཏུ་འབྲེལ་གཏུག་ས་ཚིགས་བཙུགས་ནས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད། “འབྱུང་ཁུངས་གཙང་བཟོ”དང་། “མཐའ་བརྟན”“དྲ་རྒྱ་གཙང་བཤེར”“སྟོན་རླུང”སོགས་ཀྱི་ཆེད་དོན་བྱ་སྤྱོད་སྔ་རྗེས་སུ་སྤེལ་ནས་ཆེད་དོན་བཅོས་སྒྲིག་དང་། དྲ་རྒྱའི་བར་མཐོངས་བཅོས་སྐྱོང་། ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོང་བཅས་ཀྱི་ཐད་ཕན་འབྲས་ཐོན་པ་དང་། རིག་གནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཟམ་མི་ཆད་པར་བརྟན་དུ་གཏོང་བ། ཆབ་སྲིད་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱས་ཏེ“འཆལ་རྡུང་ལོག་སེལ”གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་ཡོད་པ་རེད།

    དེ་དང་ཆབས་ཅིག་ལྷོ་རོང་རྫོང་གིས“འཆལ་རྡུང་ལོག་སེལ”གྱི་ལས་ཀའི་ལམ་སྲོལ་གྱི་སྤྱི་འདོམས་མཐུན་སྦྱོར་ནུས་པ་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ཁག་གི་འགན་ནུས་ཀྱི་ལེགས་ཆ་བཏོན་ནས། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་འཐབ་སའི་ལས་སྟེགས་ཐོན་ཁུངས་ལ་བརྟེན་ཏེ་རིག་གནས་གཉེར་སྐྱོང་བྱ་ཡུལ་སྣ་ཚོགས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་ཐེངས་170ལྷག་ཙམ་བྱས་པ་དང་། ཁྲིམས་སྒྱུར་མི་སྣ་690ལྷག་ཙམ་བཏང་བ། བྱ་ཐབས་ནུས་ལྡན་ལ་བརྟེན་ཏེ་ཆགས་སྲེད་དང་ཁྲིམས་འགལ་དང་འབྲེལ་བ་ཡོད་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱས་པ། རིག་གནས་ཁྲོམ་རའི་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་བྱས་པ་བཅས་ལ་བརྟེན་ནས་མི་དམངས་མང་ཚོགས་ལ་སྐྱོན་བྲལ་ཡར་ཐོན་གྱི་རིག་གནས་ཁོར་ཡུག་ཅིག་བཏོད་ཡོད་པ་རེད། (པད་ཆོས་ཀྱིས་བསྒྱུར། པ་ཚེས་ཞུས)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།