མལ་གྲོ་གུང་དཀར་རྫོང་གིས་སློབ་གྲྭར་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་སྤེལ་བ།
འདི་ནི་རྒྱལ་དར་སྒྲེང་པ་དང་རྒྱལ་གླུ་ལེན་བཞིན་པ།
འདི་ནི་སློབ་མས་འཛིང་རེས་རྩལ་ནུས་སྦྱོང་བཞིན་པ།
འདི་ནི་སློབ་མས་བང་བསྒྲིགས་ནས་རྩལ་སློབ་པའི་སློབ་སྟོན་ཉན་བཞིན་པ།
འདི་ནི་སློབ་མས་བཀག་དངོས་སྒྲོལ་བའི་སྦྱོང་བརྡར་བྱེད་བཞིན་པ།
འདི་ནི་སློབ་མས་བཀག་དངོས་སྒྲོལ་བའི་སྦྱོང་བརྡར་བྱེད་བཞིན་པ།
འདི་ནི་སློབ་མས་འཛིང་རེས་རྩལ་ནུས་སྦྱོང་བཞིན་པ།
ཉེ་ཆར་མལ་གྲོ་གུང་དཀར་རྫོང་འཕེལ་སྒྱུར་ཨུ་ལྷན་གྱིས་རྫོང་སློབ་གསོ་ཅུས་དང་བོད་ལྗོངས་དམག་དོན་གསར་གཏོད་གླིང་རྒྱལ་སྲུང་སློབ་གསོ་གསོ་སྦྱོང་རྟེན་གཞི་དང་མཉམ་འབྲེལ་གྱིས་རྒྱ་མ་ཤང་ལྟེ་བའི་སློབ་ཆུང་དུ་རྒྱལ་སྲུང་སློབ་གསོ་སྤེལ་བའི་དམག་དོན་རྩལ་ནུས་ལུས་སྦྱོང་འགྲན་བསྡུར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ནས། ད་ཐེངས་ཀྱི་བྱེད་སྒོའི་ནང་རྒྱལ་སྲུང་ཤེས་བྱའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་རྒྱལ་སྲུང་གི་འདུ་ཤེས་གསོ་སྦྱོང་། དེ་བཞིན་རུ་སྒྲིག་པ་དང་། འཐབ་རྩལ་དྲག་རྩལ། དམག་གླུ། དམག་དོན་ལུས་ཤུགས། ཁང་ཕྱིའི་སྦྱོང་བརྡར་སོགས་ཀྱི་ནང་དོན་ཚུད་ཡོད་ཅིང་། དམག་སྦྱོང་ལུས་སྦྱོང་བྱས་པ་བརྒྱུད་དམག་སྦྱོང་གི་གྲུབ་འབྲས་ལ་ཞིབ་བཤེར་ཐུབ་པ་མ་ཟད། སློབ་མའི་སྒྲིག་ཁྲིམས་རང་བཞིན་དང་མཉམ་སྡེབ་གཟི་བརྗིད་ཚོར་སེམས་ཆེ་རུ་ཕྱིན་པ་དང་། རྒྱལ་སྲུང་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་པའི་གཞོན་ནུ་ལོ་ཆུང་གི་སྤྲོ་སེམས་འཕེལ་ཏེ། ཁོང་ཚོར་ཞུམ་མེད་ཀྱི་བསམ་པ་དང་བྱ་སྤྱོད་ཡག་པོ་འཇགས་པ་རེད།