དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • གན་རྒྱ་འཇོག་པར་རྣམ་པ་གང་དག་སྤྱད་ཆོག་གམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-24

    དོན་ཚན་བཞི་བརྒྱ་རེ་དགུ་པ། དོ་བདག་གིས་གན་རྒྱ་འཇོག་པར་ཡིག་ཐོག་དང་ངག་ཐོག་གམ་ཡང་ན་རྣམ་པ་གཞན་དག་གི་ཐོག་ནས་བཞག་ཆོག

    ཡིག་ཐོག་གི་རྣམ་པ་ནི་གན་རྒྱའི་ཡི་གེ་དང་། འཕྲིན་ཡིག གློག་འཕྲིན། གློག་སྐྱེལ། བརྙན་སྐྱེལ་སོགས་གཟུགས་བཅས་ཀྱིས་བརྗོད་བྱ་མཚོན་ཆོག་པའི་རྣམ་པ་ཡིན།

    གློག་རྡུལ་གཞི་གྲངས་བརྗེ་རེས་དང་གློག་རྡུལ་སྦྲག་ཡིག་སོགས་རྣམ་པའི་ཐོག་ནས་གཟུགས་བཅས་ཀྱིས་བརྗོད་བྱ་མཚོན་ཆོག་པར་མ་ཟད། དུས་གང་འོས་སུ་བླངས་ཆོག་སྤྱོད་ཆོག་གི་གཞི་གྲངས་གློག་ཡིག་ནི་ཡིག་ཐོག་གི་རྣམ་པར་བརྩི་དགོས།

    ཁྲིམས་ལུགས་འཆད་སྟེགས།

    ངག་ཐོག་གི་རྣམ་པ་ནི་དོ་བདག་གིས་ཡི་གེ་མ་སྤྱད་པར་སྐད་ཆའི་ཐོག་ནས་གོ་དོན་མཚོན་པར་བྱས་ཏེ་གན་རྒྱ་བཞག་པ་ལ་ཟེར། ངག་ཐོག་རྣམ་པའི་ལེགས་ཆ་ནི་སྟབས་བདེ་བས་རྒྱུན་གཏན་འཚོ་བའི་ཁྲོད་ཡོངས་ཁྱབ་ཏུ་སྤྱོད་ཀྱི་ཡོད་པ་དང་། ཞན་ཆ་ནི་གན་རྒྱའི་རྩོད་གླེང་ཡོང་སྐབས་དཔང་རྟགས་འཚོལ་དཀའ་བ་དང་། འགན་འཁྲི་དབྱེ་འབྱེད་ཁག་པོ་ཡོད། དེས་ན་སྤྱིར་བཏང་ངོས་ནས་བཤད་ཚེ། གན་རྒྱའི་འབྲེལ་ཡོད་དངུལ་འབོར་ཆེན་པོ་མེད་པ་དང་དུས་ཐོག་གཙང་འཇལ་ཐུབ་པའི་གན་རྒྱ་རྣམས་ངག་ཐོག་གི་རྣམ་པ་སྤྱད་ཆོག་པ་དང་། དེ་དག་ཕུད་པའི་གན་རྒྱ་རྣམས་སྤྱིར་བཏང་ངག་ཐོག་གི་རྣམ་པ་སྤྱོད་རྒྱུ་མེད། ཡིག་ཐོག་གན་རྒྱ་དང་། ངག་ཐོག་གན་རྒྱ་ཕུད། བལྟ་བྱ་ཉན་བྱའི་དཔྱད་གཞི་དང་། བྱ་སྤྱོད་སོགས་གན་རྒྱ་འཇོག་པའི་རྣམ་པ་གཞན་དག་ཀྱང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།