དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • 《དམངས་དོན་ཁྲིམས་གཞུང》གི་གན་རྒྱ་ལ་གང་དག་ཡོད་དམ། གཉེན་སྒྲིག་དང་། ཉར་གསོ། ལྟ་སྐྱོང་སོགས་ཀྱི་ཐོབ་ཐང་གི་འབྲེལ་བའི་སྐོར་གྱི་ཆིངས་ཡིག་ལ་གན་རྒྱའི་སྐོར་གྱི་གཏན་འབེབས་སྤྱད་ཆོག་གམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-24

    དོན་ཚན་བཞི་བརྒྱ་དང་རེ་བཞི་པ། གན་རྒྱ་ནི་དམངས་དོན་བྱེད་པོའི་བར་དུ་དམངས་དོན་བཅའ་ཁྲིམས་འབྲེལ་བ་འཛུགས་པ་དང་། སྒྱུར་བ། མཇུག་སྒྲིལ་བ་བཅས་ཀྱི་གྲོས་ཆིངས་ཡིན། གཉེན་སྒྲིག་དང་། ཉར་གསོ། ལྟ་སྐྱོང་སོགས་ཐོབ་ཐང་གི་འབྲེལ་བའི་སྐོར་གྱི་གྲོས་ཆིངས་ལ། ཐོབ་ཐང་གི་འབྲེལ་བ་དེ་དག་སྐོར་གྱི་བཅའ་ཁྲིམས་ཀྱི་གཏན་འབེབས་སྤྱད་འཐུས། གཏན་འབེབས་མེད་པ་ཡིན་ན། དེ་དག་གི་ངོ་བོ་གཞིར་བཟུང་ལེ་ཚན་འདིའི་གཏན་འབེབས་དཔེ་གཞི་བྱས་ནས་སྤྱད་འཐུས།

    ཁྲིམས་ལུགས་འཆད་སྟེགས།

    ང་ཚོའི་རྒྱུན་གཏན་འཚོ་བའི་ཁྲོད་འཕྲད་པའི“འཛིན་ཡིག”དང་། “གྲོས་ཆིངས་ལ་སོགས་པ་ཚང་མ་ཁྲིམས་ལུགས་ཀྱི་དོན་སྙིང་ཐོག་ནས་བཤད་ཚེ། ཚང་མ་གན་རྒྱ་ཡིན། དམངས་དོན་ཁྲིམས་གཞུང)གི་གན་རྒྱའི་ལེ་ཚན་ཁྲོད་ཉོ་ཚོང་གན་རྒྱ་དང་། གློག་དང་། ཆུ། སྲོལ་རླངས། ཚ་ཤུགས་སྤྲོད་སྤྱོད་གན་རྒྱ། སྦྱིན་པའི་གན་རྒྱ། དངུལ་བུན་གྱི་གན་རྒྱ། ཁག་ཐེག་གི་གན་རྒྱ། བོགས་མའི་གན་རྒྱ། དངུལ་སྡུད་བོགས་མའི་གན་རྒྱ། བསྡུ་འབབ་གཙང་གཉེར་གྱི་གན་རྒྱ། སྒྲུབ་འགན་ལེན་པའི་གན་རྒྱ། བཟོ་སྐྲུན་གྱི་གན་རྒྱ། སྐྱེལ་འདྲེན་གྱི་གན་རྒྱ། ལག་རྩལ་གྱི་གན་རྒྱ། ཉར་ཚགས་ཀྱི་གན་རྒྱ། བཀར་འཇུག་གི་གན་རྒྱ། མངག་བཅོལ་གྱི་གན་རྒྱ། གཞིས་ལས་ཞབས་ཞུའི་གན་རྒྱ། བར་ཁེའི་གན་རྒྱ། མཚམས་སྦྱོར་གྱི་གན་རྒྱ། རོགས་སྡེབ་ཀྱི་གན་རྒྱ་བཅས་དཔེ་མཚོན་གན་རྒྱ་19དང་། དེ་བཞིན་རྐྱེན་མེད་དོ་དམ་དང་ཚུལ་མིན་གྱི་ཁེ་ཐོབ་རིགས་གཉིས་ཀྱི་རྗེས་མཐུན་གན་རྒྱ་བཅས་གཏན་འབེབས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།