བཅའ་ཁྲིམས་ཀྱིས་ས་ཞིང་གཉེར་སྐྱོང་བྱེད་དབང་འཁོར་སྒྱུར་ལ་སྲུང་སྐྱོང་གང་འདྲ་བྱེད་ཀྱི་ཡོད་དམ།
དོན་ཚན་སུམ་བརྒྱ་དང་སོ་དགུ་པ། ས་ཞིང་འགན་གཙང་ལེན་ནས་གཉེར་སྐྱོང་བྱེད་པའི་དབང་བདག་གིས་ཁྲིམས་ལྟར་བོགས་མར་གཏོང་བ་དང་། མ་རྐང་ལ་འཇོག་པ། ཡང་ན་བྱེད་ཐབས་གཞན་སྤྱོད་པ་བཅས་ཀྱི་ཐོག་ནས་མི་གཞན་ལ་ས་ཞིང་གཉེར་སྐྱོང་བྱེད་དབང་འཁོར་སྒྱུར་བྱེད་རྒྱུ་རང་རྐྱ་འཕེལ་བར་ཐག་གཅོད་བྱས་ཆོག
དོན་ཚན་སུམ་བརྒྱ་དང་ཞེ་གཅིག་པ། ས་ཞིང་འཁོར་སྒྱུར་བྱེད་པའི་དུས་བཀག་ལོ་ལྔ་ཡན་གྱི་ས་ཞིང་གཉེར་སྐྱོང་བྱེད་དབང་ནི། འཁོར་སྒྱུར་བྱ་རྒྱུའི་གན་རྒྱར་ནུས་པ་འཐོན་དུས་འཛུགས་པ་ཡིན། དོ་བདག་གིས་ཐོ་འགོད་ལས་ཁུངས་ལ་ས་ཞིང་གཉེར་སྐྱོང་བྱེད་དབང་ཐོ་འགོད་བྱེད་པའི་རེ་འདུན་ཞུས་ཆོག ཐོ་འགོད་མ་བྱས་པ་ཡིན་ན། སེམས་བཟང་ཕུང་གསུམ་པར་འགྲན་རྒོལ་བྱས་མི་ཆོག
ཁྲིམས་ལུགས་འཆད་སྟེགས།
ས་ཞིང་གཉེར་སྐྱོང་བྱེད་དབང་འཁོར་སྒྱུར་གྱི་གཏན་འབེབས་ནི་གྲོང་གསེབ་ཀྱི་ས་ཞིང་བདག་དབང་དང་། འགན་གཙང་ལེན་དབང་། གཉེར་སྐྱོང་བྱེད་དབང་བཅས་ཀྱི“དབང་ཆ་གསུམ་བགོས”ཀྱི་སྒྱུར་བཅོས་སྔོན་ལ་དོན་འཁྱོལ་བྱེད་པ་ཞིག་ཡིན་པ་དང་། གྲོང་གསེབ་ས་ཞིང་ཐོན་ཁུངས་ཀྱི་ལུགས་མཐུན་འཆར་འགོད་དང་། ལས་ཕྱོད་མཐོ་བའི་བེད་སྤྱོད་ལ་ཕན་པ་ཡོད། དེས་ས་ཞིང་གཉེར་སྐྱོང་བྱེད་དབང་གན་རྒྱ་ཐོ་འགོད་བྱེད་ཆོག་པར་བརྟེན། སེམས་བཟང་ཕུང་གསུམ་པར་འགྲན་རྒོལ་བྱེད་པའི་ནུས་པ་ལྡན་པས་འགན་གཙང་ལེན་མཁན་གྱིས་གན་རྒྱ་རང་དགར་རྩིས་མེད་གཏོང་བའམ་ཡང་ན་ས་ཞིང་གཉེར་སྐྱོང་བྱེད་དབང་མི་གཞན་ལ་བསྒྱུར་རྒྱུ་སྔོན་འགོག་ཐུབ་ནས་ས་ཞིང་གཉེར་སྐྱོང་བྱེད་མཁན་གྱི་ཁེ་དབང་སྲུང་སྐྱོང་བྱེད་ཐུབ།