དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྐྱོ་མདའ་གྲོང་ཚོར་ཉེན་ཁའི་གནས་སུ་གྱར་བའི་མི་ཞིག་བསྐྱབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-24

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་རི་དུང་ཤང་སྐྱོ་མདའ་གྲོང་ཚོ་ཨུ་ལྷན་ཉེ་འགྲམ་གྱི་རྒྱལ་ལམ་317ཐོག་ཧང་སངས་དགོས་པའི་འགྲིམ་འགྲུལ་ལས་འཛོལ་ཞིག་ཐོན། གཞུང་ལམ་ལ་འཁྱགས་པ་ཐེབས་པས་ལྗིད་ཐེག་རླངས་འཁོར་ཞིག་ཁ་ཤོར་ནས་ལམ་འགྲམ་གྱི་གཙང་པོའི་ནང་ལྷུང་། མི་གཅིག་རླངས་འཁོར་ནང་ལུས་ནས་ཉེན་ཁའི་གནས་སུ་གྱར།

    གྲོང་ཚོར་རྒྱུན་གཏན་གྱི་ལས་དོན་སྤེལ་བཞིན་པའི་གྲོང་སྡོད་ལས་དོན་རུ་ཁག་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི། གྲོང་ཚོའི་སྨན་པ། གྲོང་མི་བཅས་ཀྱིས་གནས་ཚུལ་དེ་ཤེས་རྗེས་ལམ་སེང་འཕྲལ་སྡོམ་རོགས་སྐྱོབ་ལམ་སྲོལ་ལག་བསྟར་བྱས་ནས་ལས་འཛོལ་ཐོན་སར་བསྐྱོད།

    ས་གནས་ས་ཐོག་ཏུ་འབྱོར་རྗེས་ཁོང་ཚོས་ཉེན་ཁར་མ་འཛེམས་པར་སྐད་ཤུགས་ཆེན་པོས་རླངས་འཁོར་ནང་ལུས་པའི་མིར་སེམས་གསོ་གཏོང་ཞོར་དུ་འཕྲལ་མར་རོགས་སྐྱོབ་བྱེད་འགོ་ཚུགས། གྲོང་མི་ཨ་དགའ་ཡིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་གཙང་པོའི་ནང་མཆོངས་ཏེ་གྲང་ངར་ཆེ་བའི་ཆུ་རྒྱུན་དྲག་པོའི་ཁྲོད་རླངས་འཁོར་གྱི་འཁྲིས་སུ་བཅར་གང་ཐུབ་བྱས།

    མཐར་ཚང་མའི་སེམས་ཤུགས་གཅིག་སྒྲིལ་འོག་རླངས་འཁོར་ནང་ལུས་པའི་མི་དེའི་བདེ་བླག་ངང་བདེ་འཇགས་ཁུལ་དུ་བསྐྱལ་ཞིང་། གྲོང་ཚོའི་སྨན་པས་འཕྲལ་མར་མི་དེའི་གཟུགས་པོར་བརྟག་དཔྱད་བྱས་པས་དེའི་ཚེ་སྲོག་ལ་ཉེན་ཁ་མེད་པ་ཤེས་རྗེས་ཚང་མ་བློ་བདེ་པོར་གྱུར།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།