དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • དྲིལ་བསྒྲགས་བྱས་ནས་ཐུན་མོང་ངོས་འཛིན་གྲུབ། ནང་སྦྱོང་བྱས་ནས་བདེ་འཇགས་འགན་ལེན་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-20

    འདི་ནི་མེ་ཟོན་མི་སྣས་སློབ་མར་མེ་གསོད་ཡོ་བྱད་སྤྱོད་སྟངས་སློབ་བཞིན་པ།

    འདི་ནི་མེ་ཟོན་མི་སྣས་དགེ་སློབ་ལ་ས་ཡོམ་གྱི་འཕྲལ་སྡོམ་ཉེན་གཡོལ་རྒྱུན་ཤེས་ཁྱབ་གདལ་གཏོང་བཞིན་པ།

    འདི་ནི་མེ་ཟོན་མི་སྣས་མང་ཚོགས་ལ་ས་ཡོམ་གྱི་འཕྲལ་སྡོམ་སྒྲིག་ཆས་ཀྱི་ནུས་པ་ངོ་སྤྲོད་བྱེད་བཞིན་པ།

    ཉེ་ཆར། མལ་གྲོ་གུང་དཀར་རྫོང་ཨུད་རྩ་འཛུགས་པུའུ་དང་། དྲིལ་བསྒྲགས་པུའུ། སྤྱི་ཚོགས་ལས་དོན་པུའུ་བཅས་ཀྱིས་ལྷ་ས་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས(ས་ཡོམ་ཅུས)དང་། བོད་རང་སྐྱོང་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག ལྷ་ས་གཞོན་ནུའི་གདོང་ལེན་སྤྱི་ཕན་འཕེལ་རྒྱས་ཞབས་ཞུ་ལྟེ་གནས་སོགས་དང་མཉམ་དུ་མལ་གྲོ་གུང་དཀར་རྫོང་ནན་ཅིང་ཚོད་ལྟའི་སློབ་ཆུང་དང་དེ་བཞིན་མོན་པ་ཤང་དང་རུ་ཐོག་ཤང་དུ་ཡོམ་འགོག་གེགས་སེལ་གྱི་མཁོ་ཆོད་རྩལ་ནུས་སྒྲོག་འགྲེལ་དང་དེ་བཞིན་འཕྲལ་སྡོམ་ཉེན་གཡོལ་གྱི་ནང་སྦྱོང་བྱས་པ་རེད།

    ད་ཐེངས་ཀྱི་ནང་སྦྱོང“སྒྲོག་འགྲེལ་གསོ་སྦྱོང་དང་། དངོས་འཐབ་ནང་སྦྱོང་། འཕྲལ་སྡོམ་ཉམས་ལེན”བཅས་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་སྤེལ་བས། རྒྱ་ཆེའི་དགེ་སློབ་དང་མང་ཚོགས་ཀྱི་ཡོམ་འགོག་གེགས་སེལ་གྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། རང་སྐྱོབ་དང་སྐྱོབ་རེས། ཁ་འགྲེམས་ཉེན་གཡོལ་བཅས་ཀྱི་ནུས་པ་ཆེ་རུ་ཏན་ཏིག་ཕྱིན་པ་མ་ཟད། ཐོལ་བྱུང་གི་གནོད་འཚེའི་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ཁོ་ཚོའི་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།