དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་མེ་ཟོན་ཚད་ལྡན་ཅན་ལག་རྩལ་ཨུ་ལྷན་གྱི་སྒོ་བྱང་གི་ཡོལ་ཁེབས་ཕྱེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-17

    ཉེ་ཆར། བོད་རང་སྐྱོང་ལྗོངས་མེ་ཟོན་ཚད་ལྡན་ཅན་ལག་རྩལ་ཨུ་ལྷན་གྱི་སྒོ་བྱང་གི་ཡོལ་ཁེབས་ཕྱེ་བའི་མཛད་སྒོ་དང་སྐབས་དང་པོའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།

    ཚོགས་འདུར་བོད་རང་སྐྱོང་ལྗོངས་མེ་ཟོན་ཚད་ལྡན་ཅན་ལག་རྩལ་ཨུ་ལྷན་འཛུགས་པའི་གྲ་སྒྲིག་གནས་ཚུལ་གྱི་སྙན་སེང་ཉན་པ་དང་། 《བོད་རང་སྐྱོང་ལྗོངས་མེ་ཟོན་ཚད་ལྡན་ཅན་ལག་རྩལ་ཨུ་ལྷན་འཛུགས་རྒྱུའི་སྐོར་གྱི་མཆན་བཀོད་བཀའ་ལན》སྒྲོག་སྦྱངས་བྱས་པ་དང་འབྲེལ། བོད་རང་སྐྱོང་ལྗོངས་མེ་ཟོན་ཚད་ལྡན་ཅན་ལག་རྩལ་ཨུ་ལྷན་གྱི་སྒོ་བྱང་གི་ཡོལ་ཁེབས་ཕྱེ་བའི་མཛད་སྒོ་འཚོགས་ནས་སྐབས་དང་པོའི་ཨུ་ཡོན་དང་འཐུས་མིར་གདན་ཞུའི་ལག་ཁྱེར་སྤྲད་པ་རེད།

    སྐབས་དང་པོའི་བོད་རང་སྐྱོང་ལྗོངས་མེ་ཟོན་ཚད་ལྡན་ལག་རྩལ་ཨུ་ཡོན་ལྷན་ཁང་དེ་ཨུ་ཡོན་17ལས་གྲུབ་པ་དང་། དྲུང་ཡིག་ཁྲུའུ་བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ཁྲིམས་ལུགས་དང་སྤྱི་ཚོགས་མེ་ཟོན་ལས་དོན་ཁྲུའུ་རུ་བཙུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།