བོད་ཀྱི་བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་སློབ་གསོའི་རྟེན་གཞི་ཐོག་མ་བཙུགས་པ།
ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་དང་མཉམ་དུ་ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་ལྷ་ས་གྲོང་ཁྱེར་ཅང་སུའུ་ཤར་ལམ་ལས་གཉེར་ཁང་དུ་བོད་ཀྱི་བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་སློབ་གསོའི་རྟེན་གཞི་ཐོག་མ་དངོས་སུ་བཙུགས་པ་རེད། རྟེན་གཞི་དེ་བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པའི་ཤེས་བྱ་བརྒྱུད་སྤེལ་དང་ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་གཏོང་བའི་འཐབ་ས་གལ་ཆེན་ཞིག་ཏུ་བརྩིས་ནས་བདེ་འཇགས་དང། བརྟན་ལྷིང་། ཞི་མཐུན་བཅས་ཀྱི་དངུལ་རྩའི་ཁོར་ཡུག་སྐྲུན་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་རེད།
འདི་ནི་སྒོ་བྱང་གི་ཡོལ་བ་ཕྱེ་བའི་མཛད་སྒོ་འཚོག་ཡུལ་ཡིན་པ།