དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་མཐའ་མཚམས་ལམ་ཡིག་ཞབས་ཞུ་དོ་དམ་ལྟེ་གནས་ཀྱི་འཛུགས་སྐྲུན་རྣམ་གྲངས་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-17

    འདི་ནི་བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་མཐའ་མཚམས་ལམ་ཡིག་ཞབས་ཞུ་དོ་དམ་ལྟེ་གནས་ཀྱི་འཛུགས་སྐྲུན་རྣམ་གྲངས་དངོས་སུ་སྐྲུན་འགོ་ཚུགས་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།

    ཟླ་11ཚེས་26ཉིན་གྱི་སྔ་དྲོར། བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་མཐའ་མཚམས་ལམ་ཡིག་ཞབས་ཞུ་དོ་དམ་ལྟེ་གནས་ཀྱི་འཛུགས་སྐྲུན་རྣམ་གྲངས་དངོས་སུ་སྐྲུན་འགོ་ཚུགས་པ་དང་། སྔོན་དཔག་བྱས་ན། 2025ལོའི་ཟླ་10པར་སྤྱོད་འགོ་འཛུགས་རྒྱུ་ཡིན་པ་རེད།

    བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན་བཀྲ་ཤིས་བསོད་ནམས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་998བཏང་བ་དང་། དེང་རབས་ཅན་གྱི་ཇུས་འགོད་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་ལག་ཁྱེར་གཉེར་ཁུལ་དང་། ངལ་གསོ་རྒྱག་ཁུལ། སྒུག་སྡོད་ཁུལ། གསོ་རླུང་རྔུབ་ཁང་སོགས་ཀྱི་བྱེད་ནུས་ཁུལ་འཆར་འགོད་བྱས་པ་མ་ཟད། ཁྱོན་ལག་ཁྱེར་གཉེར་སའི་སྐར་ཁུང་12བཙུགས་ནས་མི་200ལྷག་ཙམ་ལ་དུས་གཅིག་ཏུ་ལག་ཁྱེར་གཉེར་ཐུབ་པ་དང་འབྲེལ། རང་འདེམས་ཞབས་ཞུའི་སྒྲིག་ཆས་མང་དུ་བཏང་ནས་གཅིག་འཐུས་རྣམ་པའི་ཞབས་འདེགས་ཞུས་ཏེ་རྒྱ་ཆེའི་གྲོང་མི་ཚོར་དེ་བས་ནུས་ཆེ་དང་། སྟབས་བདེ། སྐྱིད་སྣང་དོད་པ་བཅས་ཀྱི་ལག་ཁྱེར་གཉེར་བའི་ཞབས་ཞུའི་ཉམས་ལེན་མཁོ་འདོན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།