བོད་ཀྱི་དངུལ་རྩ་ཚོགས་པའི་ཚད་གཞི་ཐོག་མ་དངོས་སུ་ཁྱབ་བསྒྲཌ་དང་ལག་བསྟར་བྱས་པ།
ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་དངུལ་རྩའི་སློབ་ཚོགས་ཀྱིས《བོད་ཀྱི་དངུལ་རྩའི་གྲངས་གཞིའི་ལྟེ་གནས་འཛུགས་སྐྲུན་གྱི་ཚད་གཞི》(གཤམ་དུ《ཚད་གཞི》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས་བོད་ཀྱི་དངུལ་རྩ་ཚོགས་པའི་ཚད་གཞི་ཐོག་མ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 《ཚད་གཞི》དེ་ནི་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་སྣེ་ཁྲིད་པ་དང་། ཀྲུང་གོ་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་དང་། འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་། བོད་ལྗོངས་དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞིས་མཉམ་དུ་འཆར་ཟིན་བཀོད་པ་དེས་ས་མཐོའི་ཁུལ་གྱི་དངུལ་རྩའི་གྲངས་འཛིན་ལྟེ་གནས་འཛུགས་སྐྲུན་གྱི་རིམ་དབྱེ་དང་། འཆར་འགོད་ཚད་གཞི། ཕྱོགས་བསྡུས་གནས་འདེམས། ལས་གྲྭ་ལག་བསྟར་སོགས་ཀྱི་ཐད་ལ་ཚད་གཞི་ཁ་གསལ་བཟོས་པ་དང་། ལྷག་པར་དུ། འཛུགས་སྐྲུན་གྲུབ་ཆའི་འཚམ་མཐུན་རང་བཞིན་དང་། གློག་ཤུགས་མ་ལག་གི་གཏན་འཇགས་རང་བཞིན། དྲོད་སྙོམས་སྒྲིག་ཆས་མ་ལག་གི་ནུས་ཕྱོད་བསྡུར་གྲངས། མེ་ཟོན་མ་ལག་གི་བློས་འགེལ་རང་བཞིན་སོགས་འགག་རྩའི་ཁྱབ་ཁོངས་ལ་དམིགས་ཚད་དང་བླང་བྱ་ཞིབ་ཕྲ་བཏོན་ནས། ས་མཐོའི་ཁུལ་གྱི་གྲངས་འཛིན་ལྟེ་གནས་འཛུགས་སྐྲུན་བྱེད་རིང་གི་ལག་རྩལ་གྱི་དཀའ་གནད་རབ་དང་རིམ་པ་ཐག་གཅོད་བྱས་ཡོད་པ་རེད།