ནག་ཆུ་གྲོང་ཁྱེར་གྱིས་ཐད་སྦྲེལ་ཁ་པར་སྦྲེལ་ཟམ་དུ་བྱས་ནས་ཡུལ་སྐོར་བའི་རེ་ཞུའི་ཐབས་ལམ་ཤར་གཏོང་ཐུབ་པ།
ད་ལོ་ཚུན་དུ། ནག་ཆུ་གྲོང་ཁྱེར་གྱི་ཐད་སྦྲེལ་ཁ་པར་12345ཡིས་འགན་ནུས་ཧུར་ཐག་བཏོན་ནས། “ཞུ་འབྱོར་འཕྲལ་སྒྲུབ”ཀྱི་ལས་ཀའི་ལམ་སྲོལ་ལྟེ་བར་བྱེད་པ་དང་། ཡུལ་སྐོར་བའི་རེ་ཞུའི་ཐབས་ལམ་ནུས་ཤུགས་ཡོད་རྒུས་ཤར་གཏོང་བྱེད་པ། ཡུལ་སྐོར་བའི་རེ་ཞུ་འཕྲལ་དུ་བདག་སྤྲོད་དང་ཐག་གཅོད་བཅས་བྱས་ཏེ། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་སྤུས་ལེགས་ཀྱི་ཡུལ་སྐོར་ཁོར་ཡུག་གཏོད་པར་་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོ་ཚུན་དུ། གྲོང་མིའི་ཐད་སྦྲེལ་ཁ་པར་12345ཡི་རེ་ཞུའི་ཁ་པར་400ལྷག་ཙམ་སྒྲུབ་གཉེར་བྱས་ནས་དུས་ཐོག་ཏུ་ལན་སློག་པས། སྒྲུབ་གཉེར་བྱེད་ཚད་དང་ལན་སློག་པར་བློ་ཡིད་ཚིམས་ཚད་100%ཟིན་ཡོད་པ་རེད།
རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ནུས་ཆེའི་འཁོར་རྒྱུག་ལ་འགན་ལེན་བྱས་ཤིང་། ཡུལ་སྐོར་བའི་རེ་ཞུ་ཐག་གཅོད་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ནས་འགན་དབང་ཁག་བགོས་ཁ་གསལ་གྱིས། ཡུལ་སྐོར་བ་མི་རེ་ངོ་རེའི་རེ་ཞུ་ཚང་མ་དུས་ཐོག་ཏུ་དང་ལེན་དང་ཐག་གཅོད་འོས་འཚམ་ཐུབ་པར་བྱས་ཡོད། ལས་དོན་པའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལས་སྒོའི་ཆུ་ཚད་མཐོ་རུ་དང་ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་ནས་ཡུལ་སྐོར་བའི་དགོས་མཁོ་གནད་ལ་ འཁེལ་པོས་རྟོགས་པར་བྱས་ཏེ་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པར་བྱས་ཡོད།
“ཞུ་འབྱོར་འཕྲལ་སྒྲུབ”ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལས་ཀའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་ཞིང་། ཐད་སྦྲེལ་ཁ་པར་12345ཡིས་དམངས་འཚོའི་རེ་ཞུ་དེ་གཙོ་གནད་ལས་དོན་དུ་བརྩིས་ནས་འཕྲལ་དུ་དང་ལེན་དང་། གནད་འཁེལ་སྒྲུབ་སྤྲོད། དུས་བཅད་བསྒྲུབས་ཆོད། ཕྱིར་འགྱངས་སྒྲུབ་སྐུལ་བཅས་དོན་འཁྱོལ་ཧུར་ཐག་གིས་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་12345ཡིས་མང་ཚོགས་ལ་ཕྱོགས་མང་པོ་དང་ཟུར་ཚད་མི་འདྲ་བའི་ཞབས་འདེགས་ཞུ་བ་དང་། ལོ་ཧྲིལ་པོའི་དུས་མཚམས་དང་ཆེད་མི་དང་ཆེད་སྒྲུབ་ཚོགས་ཆུང་གི་ཉིན་བདུན་གྱི་ཆུ་ཚོད་24ཡི་རིང་ཡུལ་སྐོར་བའི་ཁེ་ཕན་རེ་ཞུ་མྱུར་དུ་བདག་སྤྲོད་བྱས་ནས། དུས་ཚོད་མགྱོགས་ཤོས་དང་ཁྱབ་ཁོངས་ཆུང་ཤོས་ནང་ཡུལ་སྐོར་བའི་རེ་ཞུ་ཐག་གཅོད་མྱུར་ལ་ནུས་ལྡན་གྱིས། རིགས་ཁག་གི་ཡུལ་སྐོར་བའི་རེ་ཞུའི་བློ་འདྲི་ཚང་མ་དོན་འཁྱོལ་ཐུབ་པ་དང་ཚང་མར་ལན་སློག་ཐུབ་པར་བྱས་ཏེ། ཡུལ་སྐོར་བའི་ཉམས་ལེན་དང་བློ་ཡིད་ཚིམས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། ཡུལ་སྐོར་བ་ཕྱིར་སྐྱོད་བདེ་འཇགས་དང་། ཕྱིར་སྐྱོད་ཤར་གཏོང་། ཕྱིར་སྐྱོད་བློ་བདེ་བཅས་ལ་འགན་ལེན་བྱས་ཡོད་པ་རེད།