དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • ས་ཞིང་འགན་གཙང་ལེན་པའི་གཉེར་སྐྱོང་བྱེད་དབང་གི་དུས་བཀག་ཐིམས་ཚེ་མུ་མཐུད་འགན་གཙང་བླངས་ཆོག་གམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-17

    དོན་ཚན་སུམ་བརྒྱ་དང་སོ་གཉིས་པ། རྨོ་ཞིང་འགན་གཙང་ལེན་པའི་གཉེར་སྐྱོང་བྱེད་ཡུན་ལོ་སུམ་ཅུ་ཡིན། རྩྭ་སའི་འགན་གཙང་ལེན་པའི་གཉེར་སྐྱོང་བྱེད་ཡུན་ལོ་སུམ་ཅུ་ནས་ལྔ་བཅུའི་བར་ཡིན། ནགས་སའི་འགན་གཙང་ལེན་གྱིས་གཉེར་སྐྱོང་ བྱེད་ཡུན་ལོ་སུམ་ཅུ་ནས་བདུན་ཅུའི་བར་ཡིན། གོང་གསལ་ནང་ཚན་དུ་གཏན་འབེབས་བྱས་པའི་འགན་གཙང་ལེན་པའི་གཉེར་སྐྱོང་བྱེད་ཡུན་ལོངས་ཚེ། ས་ཞིང་འགན་གཙང་ལེན་པའི་གཉེར་སྐྱོང་བྱེད་པའི་དབང་བདག་གིས་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་མུ་མཐུད་ནས་འགན་གཙང་ལེན་བྱེད་དགོས།

    ཁྲིམས་ལུགས་འཆད་སྟེགས།

    གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་པའི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། རྨོ་ཞིང་འགན་གཙང་ལེན་པའི་དུས་བཀག་ཐིམས་རྗེས་མུ་མཐུད་ལོ་སུམ་ཅུ་ནར་འགྱངས་བྱེད་ཆོག་པ་དང་། དེ་བཞིན་རྩྭ་ས་དང་ནགས་ས་འགན་གཙང་ལེན་པའི་དུས་བཀག་ཐིམས་རྗེས་སྔར་བཞིན་གཏན་འབེབས་ལྟར་ནར་འགྱངས་བྱེད་ཆོག་གི་ཡོད། འགན་གཙང་ལེན་མཁན་གྱིས་ས་ཞིང་ཞིང་ལས་ལ་སྤྱོད་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲིམས་བཞིན་ཆོག་མཆན་མ་ཐོབ་ཚེ་ཞིང་ལས་མིན་པའི་འཛུགས་སྐྲུན་ལ་བེད་སྤྱོད་བཏང་མི་ཆོག ཁྲིམས་བཞིན་དུ་ས་ཞིང་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱས་ནས་ནམ་ཡང་གཏོར་སྐྱོན་མི་ཕོག་པ་བྱེད་དགོས་པ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།