ཡུལ་མིས་ཐུན་མོང་རྒྱུ་ནོར་གྱི་གནས་ཚུལ་དང་འབྲེལ་བའི་དཔྱད་གཞིར་ལྟ་བཤེར་དང་འདྲ་བཤུ་སོགས་བྱས་ཆོག་གམ།
དོན་ཚན་ཉིས་བརྒྱ་དང་རེ་བཞི་པ། གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་སམ་ཡུལ་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཚོ་ཆུང་གིས་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ་དང་དེ་བཞིན་སྒྲིག་ཡིག་དང་། ཡུལ་སྲོལ་དམངས་ཆིངས་བཅས་གཞིར་བཟུང་ནས་དེ་ག་ཐུན་མོང་གི་ཁོངས་མི་རྣམས་ལ་ཐུན་མོང་རྒྱུ་ནོར་གྱི་གནས་ཚུལ་ཁྱབ་བསྒྲགས་བྱེད་དགོས། ཐུན་མོང་གི་ཁོངས་མི་ཚང་མར་འབྲེལ་ཡོད་ཡིག་རིགས་ལྟ་བཤེར་དང་འདྲ་བཤུ་བྱེད་དབང་ཡོད།
ཁྲིམས་ལུགས་འཆད་སྟེགས།
ཐུན་མོང་ལ་དབང་བའི་རྒྱུ་ནོར་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པས། རྩ་འཛུགས་སམ་མི་སྒེར་གང་ཡང་རུང་བས་བདག་བཟུང་དང་། ཧམ་བཟུང་། སྒེར་བགོ། གཏོར་བཤིག གཏོང་བ་སོགས་བྱས་ཆོག་གི་མེད། གྲོང་གསེབ་ཐུན་མོང་གི་དཔལ་འབྱོར་རྩ་འཛུགས་དང་ཡུལ་མི་ཨུ་ལྷན་ནམ་དེའི་འགན་འཁུར་བས་དོན་དག་ཐག་བཅད་ནས་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བཏང་ཚེ། བཙན་གནོད་ཕོག་མཁན་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིས་མི་དམངས་ཁྲིམས་ཁང་ལ་དེ་དག་མེད་པར་བཟོ་རྒྱུའི་རེ་བ་བཏོན་ཆོག