དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • གྲོང་གསེབ་ཀྱི་སྤྱི་པའི་ས་ཞིང་གཞུང་བསྡུ་བྱས་ཚེ་ཁ་གསབ་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-17

    དོན་ཚན་ཉིས་བརྒྱ་དང་ཞེ་གསུམ་པ། སྤྱི་པའི་ཁེ་ཕན་གྱི་དགོས་མཁོའི་ཆེད་དུ་ཡིན་ཚེ། བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་དབང་ཚད་དང་ལས་རིམ་ལྟར་ཐུན་མོང་ལ་དབང་བའི་ས་ཆ་དང་། རྩ་འཛུགས་དང་མི་སྒེར་གྱི་ཁང་པ་དང་དེ་བཞིན་བརྟན་ནོར་གཞན་དག་བཅས་གཞུང་བསྡུ་བྱས་ཆོག

    ཐུན་མོང་ལ་དབང་བའི་ས་ཆ་གཞུང་བསྡུ་བྱེད་སྐབས་ས་ཆའི་གུན་གསབ་གྲོན་དངུལ་དང་། བཀོད་སྒྲིག་རོགས་གསབ་གྲོན་དངུལ། དེ་བཞིན་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་དང་། ས་སྟེང་འབྱར་དངོས་དང་ལྗང་པ་སོགས་ཀྱི་གུན་གསབ་གྲོན་དངུལ་ནི། ཁྲིམས་ལྟར་དུས་ཐོག་ཏུ་ཆད་ལུས་མེད་པར་སྤྲོད་དགོས་པ་མ་ཟད། ས་ཆ་གཞུང་བསྡུ་བྱ་ཡུལ་ཞིང་པའི་སྤྱི་ཚོགས་འགན་སྲུང་གྲོན་དངུལ་བཀོད་སྒྲིག་དང་། ས་ཆ་གཞུང་བསྡུ་བྱ་ཡུལ་ཞིང་པའི་འཚོ་བ་འགན་སྲུང་། ས་ཆ་གཞུང་བསྡུ་བྱ་ཡུལ་ཞིང་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱེད་དགོས། རྩ་འཛུགས་དང་མི་སྒེར་གྱི་ཁང་པ་དང་དེ་བཞིན་བརྟན་ནོར་གཞན་དག་གཞུང་བསྡུ་བྱེད་ཚེ། ཁྲིམས་ལྟར་གཞུང་བསྡུའི་གུན་གསབ་གྲོན་དངུལ་སྤྲོད་དགོས་པ་དང་། གཞུང་བསྡུ་བྱ་ཡུལ་གྱི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། མི་སྒེར་གྱི་ཁང་པ་གཞུང་བསྡུ་བྱེད་ཚེ་གཞུང་བསྡུ་བྱ་ཡུལ་གྱི་མིའི་གཞིས་སྡོད་ཆ་རྐྱེན་ཡང་འགན་སྲུང་བྱེད་དགོས། རྩ་འཛུགས་དང་མི་སྒེར་གང་ཡང་རུང་བས་གཞུང་བསྡུའི་གུན་གསབ་གྲོན་དངུལ་སོགས་གྲོན་དངུལ་ལྐོག་ཟ་དང་། གཞན་སྤྱོད། ལྐོག་བགོ བཀག་ཉར། ཆད་འགྱངས་བཅས་བྱས་མི་ཆོག

    ཁྲིམས་ལུགས་འཆད་སྟེགས།

    ཐུན་མོང་གི་ཁེ་དབང་གི་དགོས་མཁོའི་ཆེད་དུ། བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་དབང་ཚད་དང་ལས་རིམ་བཞིན་ཐུན་མོང་གི་ས་ཞིང་དང་། རྩ་འཛུགས་དང་མི་སྒེར་གྱི་ཁང་པ་དེ་བཞིན་བརྟན་ནོར་གཞན་དག་བཅས་གཞུང་བསྡུ་བྱས་ཆོག་པ་ཡིན། ཡིན་ནའང་གཞུང་བསྡུ་བྱས་པར་རིན་པ་མེད་པ་མིན་ལ། གཞུང་བསྡུ་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་དེ་བས་གཏོང་མི་ཆོག བཅའ་ཁྲིམས་ཀྱིས་རྩ་འཛུགས་སམ་ཡང་ན་མི་སྒེར། གང་རུང་གིས་གཞུང་བསྡུའི་གུན་གསབ་གྲོན་དངུལ་སོགས་ཀྱི་འགྲོ་གྲོན་ལྐོག་ཟ་དང་། གཞན་སྤྱོད། ལྐོག་བགོ བཀག་ཉར། ཆད་འགྱངས་བཅས་བྱས་མི་ཆོག་ཅེས་གཏན་འབེབས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།