དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཆེད་ལས་སྦྱོང་བརྡར་བྱས་ཏེ་རོགས་སྐྱོབ་མི་སྣ་རྩེ་གྲ་གསོ་སྐྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-11

    འདི་ནི་ཐག་པར་བརྟེན་ནས་མི་སྐྱོབ་པའི་ལག་རྩལ་སྦྱོང་བརྡར་བྱེད་བཞིན་པ།

    འདི་ནི་བླུགས་སྣོད་ནང་མི་བླུགས་ནས་སྐྱོབ་པའི་ལག་རྩལ་སྦྱོང་བརྡར་བྱེད་བཞིན་པ།

    འདི་ནི་རུ་མིས་Tདབྱིབས་ཀྱི་རོགས་སྐྱོབ་ལག་རྩལ་སྦྱོང་བརྡར་བྱེད་བཞིན་པ།

    “གནོད་འཚེ་སྣ་ཚོགས་དང་འཕྲལ་སྡོམ་ཆེ་མོའི”རོགས་སྐྱོབ་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། རི་མཐོ་གཡང་གཟར་དང་མཁའ་དབྱིངས་སོགས་དམིགས་བསལ་གནོད་འཚེའི་ལས་འཛོལ་ཁྲོད་ཀྱི་རུ་མིའི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་འཇོན་ཐང་སྔར་བས་ཆེ་རུ་གཏོང་ཆེད། ཉེ་དུས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་བྲག་ཡིབ་ཆུས་རུ་འབྲིང་གིས་ཐག་པར་བརྟེན་ནས་མི་སྐྱོབ་པའི་ལག་རྩལ་སྦྱོང་བརྡར་བྱས་ཡོད།

    སྦྱོང་བརྡར་བྱེད་རིང་། ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་བྲག་ཡིབ་ཆུས་རུ་འབྲིང་གིས་རོགས་སྐྱོབ་ལས་འགན་གྱི་དགོས་མཁོ་དངོས་ལ་དམིགས་ནས། Tདབྱིབས་ཀྱི་རོགས་སྐྱོབ་དང་། བླུགས་སྣོད་ནང་མི་བླུགས་ནས་སྐྱོབ་པའི་ལག་རྩལ་སོགས་ཀྱི་ལྟེ་བའི་ནང་དོན་སྦྱོང་བརྡར་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཤིང་། སྦྱོང་བརྡར་གྱི་གཙོ་གནད་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ་བྱས་ཏེ། རུ་མིས་སྒྲིག་ཆས་བཀོལ་སྤྱོད་བྱང་ཆུབ་ཚད་དང་རྙོག་འཛིང་གནས་ཚུལ་ལ་ཁ་གཏད་གཅོག་ནུས་དང་དེ་བཞིན་ཐོལ་བྱུང་དོན་རྐྱེན་སྟབས་བསྟུན་ཐག་གཅོད་བྱེད་ནུས་རིམ་བཞིན་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།