དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྣེ་གདོང་ཆུས་ཀྱིས་ལས་མི་སྤྱོད་པར་མཉམ་འབྲེལ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-11

    ཉེ་ཆར། སྣེ་གདོང་ཆུས་ཀྱིས་ལས་མི་སྤྱོད་པར་མཉམ་འབྲེལ་ཞིབ་བཤེར་བྱེད་པའི་བྱ་སྤྱོད་སྤེལ་ཅིང་། ཞིབ་བཤེར་མི་སྣ་རྣམས་ཚོགས་ཆུང་ཁ་ཤས་སུ་བགོས་ནས་རྣམ་གྲངས་ཁག་གི་ཨར་པོ་རྒྱག་ས་དང་གཞུང་དོན་སྒྲུབ་ཁུལ་དུ་བསྐྱོད་དེ། དཔྱད་གཞིར་ལྟ་བ་དང་། ཡུལ་དངོས་ལ་ལྟ་ཞིབ། ངལ་རྩོལ་པར་ཁ་པར་བརྒྱབ་ནས་སྤེལ་རེས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ལས་དོན་ཁག་ལ་ཁྱོན་ཡོངས་ནས་ཞིབ་བཤེར་ཞིབ་ཚགས་བྱས་པ་རེད།

    ཐེངས་འདིའི་བྱ་སྤྱོད་ནང་གན་རྒྱ་འཇོག་ཚད་དང་། ནང་དོན་གྱི་ཚད་ལྡན་རང་བཞིན། འགག་རྩའི་དོན་ཚན་གྱི་ཁ་གསལ་རང་བཞིན་སོགས་ཚུད་པའི་ངལ་རྩོལ་གན་རྒྱ་བཞག་པའི་གནས་ཚུལ་ལ་གཙོ་གནད་ཞིབ་བཤེར་བྱས་པ་དང་ཆབས་ཅིག ཁེ་ལས་ཁག་གིས་གླ་ཆ་དུས་ཐོག་ཏུ་སྤྲད་ཡོད་མེད་དང་། འགྱངས་ཆད་བྱས་ཡོད་མེད། ཞིང་པ་ལས་མིའི་གླ་ཆ་འགན་ལེན་དངུལ་འཇལ་ཡོད་མེད། མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་དོ་དམ་བྱས་ཡོད་མེད། དེ་བཞིན་གླ་ཆའི་ཆེད་སྤྱོད་རྩིས་ཁྲ་བཟོས་ཡོད་མེད་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་ཞིབ་ཕྲ་བྱས་པ་རེད།

    ད་ཐེངས་ཀྱི་མཉམ་འབྲེལ་ཞིབ་བཤེར་བྱས་པ་ལས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་དངོས་འབྲེལ་སྲུང་སྐྱོང་ཏན་ཏིག་ཐུབ་པ་མ་ཟད། ད་དུང་ཨར་རྒྱག་ཁེ་ལས་ཁག་གི་ལས་མི་སྤྱོད་པའི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས། སྣེ་གདོང་ཆུས་ཀྱི་འཛུགས་སྐྲུན་རྣམ་གྲངས་ཁག་སྐྱོན་བྲལ་དང་གོ་རིམ་ལྡན་པའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་ཐེབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།