རྡུང་རྡེག་དྲག་པོ་གཏོང་བ།
ཉེ་ཆར། སྤྱི་བདེ་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སྤྱི་བདེ་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་བཀྲམ་པའི《གློག་འཕྲིན་དྲ་རྒྱའི་ཁ་བསླུས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་ལ་མཉམ་དུ་ཆད་གཅོད་བསླབ་འདོམས་ཀྱི་བྱ་ཐབས》ངོ་སྤྲོད་བྱས་པ་དང་། བྱ་ཐབས་དེ་2024ལོའི་ཟླ་12ཚེས་1ཉིན་ནས་དངོས་སུ་ལག་བསྟར་བྱས་པ་རེད།