ཡིད་རྟོན་ཁྲལ་འཇལ།
གསར་འགོད་པར་ཉེ་ཆར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་ཡིད་རྟོན་ཁྲལ་འཇལ་གྱི་ལོ་འཁོར་གྱི་གདེང་འཇོག་བྱས་འབྲས་ལས་མངོན་པར། 2024ལོར་རྒྱལ་ཡོངས་ཀྱི་ཡིད་རྟོན་ཁྲལ་འཇལ་ཚོང་དུད་ཁྲི་4127ཟིན་པ་དེ་2023ལོ་ལས་ཚོང་དུད་ཁྲི་378འཕར་བ་དང་། དེའི་ནང་ཁྲལ་འཇལ་ཡིད་རྟོན་གྱི་རིམ་པ་མཐོ་ཤོས་Aརིམ་པའི་ཁྲལ་འཇལ་ཚོང་དུད་ཁྲི་335ཙམ་ཟིན་པ་དེ་ན་ནིང་ལས་ཚོང་དུད་ཁྲི་45.6འཕར་ནས་ཡིད་རྟོན་ཁྲལ་འཇལ་ཁེ་ལས་ཀྱི་གྲངས་འབོར་བརྟན་པོ་འཕར་བ་རེད།