དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གིས།

    བྱེད་ཐབས་མང་པོར་བརྟེན་ནས“བརྒལ་བ་གསུམ་དང་ལོགས་དབྱེ་གསུམ”གྱི་ཡིག་འབུལ་ཞུ་བཅར་གྱི་དཀའ་གནད་བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-10

    ཕྱིར་གླ་པ་རྒྱུག་པར་འགྲོ་མཁན་ལོ་རེ་བཞིན་མང་དུ་འགྲོ་བ་དང་སྦྲགས། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཁུལ་བརྒལ་བ་དང་། སྡེ་ཚན་བརྒལ་བ། ལས་རིགས་བརྒལ་བ། མི་དོན་ལོགས་དབྱེ། མི་ཁྱིམ་ལོགས་དབྱེ། མི་དོན་ཁྱིམ་གསུམ་ལོགས་དབྱེ་སོགས་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་རེད།

    ཡིག་འབུལ་ཞུ་བཅར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་སྤྱི་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་དང་ཡང་འབྲེལ་བ་ཡོད། ད་ལོ་ནས་བཟུང་དིང་རི་རྫོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཞིང་། “བརྒལ་བ་གསུམ་དང་ལོགས་དབྱེ་གསུམ”གྱི་ཡིག་འབུལ་ཞུ་བཅར་གྱི་དཀའ་གནད་ལ་གཙོ་གནད་ཐོག་དམིགས་པ་དང་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་བསལ་ཡོད། མིག་སྔའི་བར་རྫོང་ཡོངས་ཀྱིས་རིམ་རྩིས་བྱས་ན་འགལ་བ་དང་རྩོད་གཞི་གྲལ་བཤེར་ཐེངས་30ལྷག་ཙམ་བྱས་པ་དང་། འགལ་བ་དང་རྩོད་གཞིའི་མངོན་མེད་རྐྱེན་ངན་ཁག་13དང་མི་ཐེངས་318ལ་འདུམ་འགྲིག་བྱས་ནས་ཐག་གཅོད་བྱེད་ཚད་100%ཟིན་ཏེ་མང་ཚོགས་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་351.45མི་ཕོག་པར་བྱས་ཡོད།

    ཁོངས་གཏོགས་ཁུལ་གྱི་ཕྱིར་གླ་པར་འགྲོ་མཁན་མང་ཚོགས་ཀྱི“བརྒལ་བ་གསུམ་དང་ལོགས་དབྱེ་གསུམ”གྱི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་བདེ་བླག་ངང་སེལ་རྒྱུར་འགན་ལེན་བྱ་ཆེད། དིང་རི་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ལ་སྣང་ཆེན་དང་འགན་འཁྲི་འཁུར་བར་སྣང་ཆེན་བྱས་ཏེ་སྣ་མང་མཉམ་སྒུལ་ཤུགས་འདོན་མཐའ་འཁྱོངས་ཀྱིས་ལས་དོན་གྱི་ཆེད་དོན་ཚན་ཁག་སྒྲིག་འཛུགས་ཐེངས་མང་བྱས་ནས་ས་ཡུལ་དངོས་སུ་བསྐྱོད་པ་དང་། མང་ཚོགས་ཀྱི་བསམ་འཆར་ཉན་པ་དང་གྱོད་གཞིའི་གནས་ཚུལ་ལ་ཞིབ་འཇུག་ཐག་གཅོད་ནན་ཏན་བྱས་ཏེ་མང་ཚོགས་ལ་ཆ་འཕྲིན་ཞིབ་དཔྱད་དང་འཛིན་ཤོག་གསེད་བཀྲོལ་བྱེད་རོགས་བྱས་ཡོད། ཁོངས་གཏོགས་ས་ཆའི་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཀྱིས་ཡིག་འབུལ་ཞུ་བཅར་ལས་དོན་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་པ་དང་། བསམ་བློར་ཁྲིད་སྟོན་ཡག་པོ་བྱེད་པ། མང་ཚོགས་ལ་ཁྲིམས་ལྟར་ཡིག་འབུལ་ཞུ་བཅར་དང་དཔྱོད་ཤེས་ངང་ཁེ་དབང་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བཅས་བྱས་ཏེ་འདུམ་འགྲིག་ཐག་གཅོད་ལས་དོན་ལ་རྨང་གཞི་ཡག་པོ་བཏིང་ཡོད།

    “དོན་དག་ཐག་གཅོད”བྱ་རྒྱུ་དེ་དམིགས་ཚད་དུ་བྱས་ནས་སྲིད་འཛིན་དང་། བཅའ་ཁྲིམས། སྲིད་ཇུས། བར་འདུམ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་སུ་སྤྱད་དེ། གནས་ཚུལ་ཐོན་ཡུལ་དང་ཁོངས་གཏོགས་ས་ཆའི་བར་མཐུན་སྦྱོར་ཧུར་ཐག་བྱས་ནས་མཉམ་དུ་ཁྲིམས་ལུགས་གསལ་འགྲེལ་དང་། གྲོས་མོལ་ཡང་ཡང་། མཉམ་ལས་ཤུགས་ཆེན་བཅས་བྱས་ཏེ་འགལ་རྐྱེན་བསལ་བས། མང་ཚོགས་ཀྱི་རེ་ཞུར“རྒྱུག་རོགས་བྱེད་མཁན་ཡོད་པ་དང་སྒྲུབ་རོགས་བྱེད་མཁན་ཡོད་པ”མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།