དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཀོང་པོ་རྒྱ་མདའ་རྫོང་རྒྱ་མདའ་ཤང་ཐའེ་ཀྲའོ་གྲོང་ཚོར་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-10

    འདི་ནི་བརྗོད་དོན་གཙོ་བོའི་བྱེད་སྒོར་ཏང་ཡོན་ཚོས《ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ཤེས་བྱའི་སྐོར་གྱི་དྲི་བར་ལན་རྒྱག་བཞིན་པ།

    ཉེ་ཆར། ཀོང་པོ་རྒྱ་མདའ་རྫོང་རྒྱ་མདའ་ཤང་ཐའེ་ཀྲའོ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ཏང་ཀྲི་པུའུ་དང་མཉམ་དུ་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ“ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱས་ནས་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་མཉམ་དུ་བསྐྲུན་པའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་ཁྱིམ་ཚང་གི་གཏུམ་སྤྱོད་གནད་དོན་ལ་ཏང་ཡོན་གྱི་ཤེས་ཚོར་ཆུ་ཚད་མཐོ་རུ་དང་། ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་རང་རྟོགས་ཀྱི་འདུ་ཤེས་ཟབ་ཏུ། ཁྱིམ་ཚང་གི་ཞི་མཐུན་དང་དེ་བཞིན་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད་བཅས་གཏོང་ཆེད་རེད།

    བྱེད་སྒོ་སྤེལ་རིང་། ཏང་ཡོན་ཡོངས་ཀྱིས་ཁྱིམ་ཚང་གི་གཏུམ་སྤྱོད་སྐོར་གྱི་འབྲེལ་ཡོད་བརྙན་ལམ་བལྟས་པས་བརྙན་ལམ་ཁྲོད་ཀྱི་གྱོད་དཔེ་ངོ་མ་ཧང་སངས་དགོས་པ་ཞིག་ཡོད་སྟབས། ཚང་མས་ཁྱིམ་ཚང་གི་གཏུམ་སྤྱོད་ཀྱི་ཚབས་ཆེའི་རང་བཞིན་དང་གནོད་འཚེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།