དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • འཕྱོངས་རྒྱས་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས།

    གློག་སྒུལ་རྐང་འཁོར་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-10

    འདི་ནི་གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་ཐད་གནས་པའི་མངོན་མེད་རྐྱེན་ངན་གྱི་འཁོར་འབྲེལ་ཧྲིལ་པོའི་བཅོས་སྒྲིག་བྱ་ཡུལ་ཡིན་པ།

    ཉིན་ཤས་གོང་འཕྱོངས་རྒྱས་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་གནད་སྨིན་ཤུགས་འདོན་བྱས་ནས་གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་ཐད་གནས་པའི་མངོན་མེད་རྐྱེན་ངན་གྱི་འཁོར་འབྲེལ་ཧྲིལ་པོ་བཅོས་སྒྲིག་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། རྫོང་ཡོངས་ཀྱི་མེ་ཟོན་བདེ་འཇགས་དུས་བབ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཡོད།

    གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་ཐད་གནས་པའི་མངོན་མེད་རྐྱེན་ངན་གྱི་འཁོར་འབྲེལ་ཧྲིལ་པོའི་བཅོས་སྒྲིག་ཆེད་དོན་ཚོགས་ཆུང་གིས་གཅིག་གྱུར་བཀོད་སྒྲིག་བྱས་ཚུན། འཕྱོངས་རྒྱས་རྫོང་གིས་འཕྲལ་དུ་བྱ་སྤྱོད་སྤེལ་ཏེ《འཕྱོངས་རྒྱས་རྫོང་གི་གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་ཐད་གནས་པའི་མངོན་མེད་རྐྱེན་ངན་གྱི་འཁོར་འབྲེལ་ཧྲིལ་པོ་བཅོས་སྒྲིག་བྱ་སྤྱོད་ཀྱི་ཇུས་གཞི》ཡི་བརྡ་ཐོའི་བླང་བྱ་གཞིར་བཟུང་། ལས་ཀའི་ཆེད་དོན་ཚོགས་ཆུང་བཙུཌ་ནས་སྡེ་ཚན་མང་པོས་གློག་སྒུལ་རྐང་འཁོར་བྲིན་འཚོང་དང་བེད་སྤྱོད་སོགས་ལྷུ་ཚིགས་ལ་མཉམ་དུ་ལྟ་འདོམས་བྱས་ཡོད། གློག་སྒུལ་རྐང་འཁོར་3617ལ་གྲལ་བཤེར་བྱས་པ་དང་གཅིག་སྡུད་འཇོག་ས་4ཁག་སོ་སོར་བཙུགས་ཡོད། སྡེ་ལས་ཀྱིས་དོ་དམ་ལམ་ལུགས་འཛུགས་རྒྱུར་ལྟ་སྐུལ་བྱེད་པ་དང་། མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་མ་ལག་འཛུགས་པ། བཅོས་སྒྲིག་གི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་ལས་ཀའི་མཉམ་ཤུགས་ཆེན་པོ་དང་འགན་འཁྲིའི་མ་ལག་ནན་པོ་ཆགས་པར་བྱས་ཡོད།

    རུ་ཆེན་གྱིས་ད་དུང་ཁུལ་ཆུང་སྡེ་ལས་ལ་གློག་སྒུལ་རྐང་འཁོར་གྱི་རིག་ནུས་གློག་གསོག་འབོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད། བཅོས་སྒྲིག་བྱ་སྤྱོད་སྤེལ་རིང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་53གྲལ་བཤེར་བྱས་པ་དང་། གནད་དོན་48དག་ཐེར་བྱ་རྒྱུར་ལྟ་སྐུལ་བྱས་པ། གནད་དོན་35དག་ཐེར་བྱ་རྒྱུའི་བཀའ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།