དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས།

    “དམག་མི་རྒན་གྲས་ཀྱི་སྒྲོག་འགྲེལ་ཚོགས་པ”གདན་དྲངས་ནས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-10

    པར་འདི་གཉིས་ནི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    དམག་ཞབས་ཐིམ་པའི་དམག་མིའི“དམག་ཞབས་ཐིམ་རུང་བློ་སྟོབས་མི་ཉམས་པའི”སྙིང་སྟོབས་དར་སྤེལ་བཏང་སྟེ། སྔོན་ཐོན་དང་དཔེ་མཚོན་བྱས་རྗེས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྒྱ་ཆེའི་བཀོད་འཐབ་པར་བསམ་བློའི་ཐད་ནས་མོས་མཐུན་དང་བྱ་སྤྱོད་ཐད་ནས་རྗེས་འབྲངས་ཀྱིས་ལྷག་བསམ་ཟོལ་མེད་ངང་འགན་འཁྲི་སྒྲུབ་པ་དང་བྱས་རྗེས་འཇོག་པ། ནམ་ཡང་དམག་མིའི་རང་མདངས་རྒྱུན་འཛིན་གྱི་སློབ་གསོ་རྒྱག་ཆེད། ཉེ་ཆར་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་རང་སྐྱོང་ལྗོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཁང་གི“དམག་མི་རྒན་གྲས་ཀྱི་སྒྲོག་འགྲེལ་ཚོགས་པ”གདན་དྲངས་ཏེ་དམག་མི་རྒན་གྲས་ནམ་ཡང་ཏང་གི་རྗེས་སུ་འབྲངས་ནས་གཞི་རིམ་དུ་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་ངས་གསར་བརྗེའི་གཏམ་རྒྱུད་གླེང་ཞེས་པའི་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་སྒྲོག་འགྲེལ་དང་ལག་ལེན་བྱེད་སྒོ་སྤེལ་བ་རེད།

    སྒྲོག་འགྲེལ་བྱེད་རིང“དམག་མི་རྒན་གྲས་ཀྱི་སྒྲོག་འགྲེལ་ཚོགས་པའི”ཁོངས་མི་གཉིས་པོས་རང་ཉིད་ཀྱི་དཔུང་སྡེའི་ལོ་རྒྱུས་དང་དམག་ཞབས་ཐིམ་རྗེས་སྤྱི་ཚོགས་དང་དཔལ་འབྱོར་འཛུགས་སྐྲུན་ཁྲོད་ཞུགས་པའི་དཔེ་མཚོན་དྲངས་ཏེ“དམག་མི་རྒན་གྲས”ཀྱི་ཐོབ་ཐང་དང་། “དམག་མི་རྒན་གྲས”ཀྱི་མཐོང་ཕྱོགས། “དམག་མི་རྒན་གྲས”ཀྱི་སྐད་ཆ་བཅས་ཀྱི་ཐོག་ནས་དུས་རབས་གསར་པའི་འབད་འཐབ་གཏམ་རྒྱུད་དང་ལྷག་པར་དུ་དམག་ཞབས་ཐིམ་པའི་དམག་མིས་ལྷག་བསམ་ཟོལ་མེད་ངང་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་དམངས་ལ་ཞབས་འདེགས་ཞུ་བ། སྒྱུར་བཅོས་དང་འཕེལ་རྒྱས་ཁྲོད་ཞུགས་པ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་དཔེ་མཚོན་བྱས་རྗེས་སྒྲོག་འགྲེལ་བྱས་ཏེ། རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མིས་ཏང་ལ་ལྷག་བསམ་རྣམ་དག་དང་། རང་མདངས་ནམ་ཡང་མི་ཉམས་པ། འབད་འཐབ་ཡར་བརྩོན་བཅས་བྱེད་པའི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ནས། ཕུལ་བྱུང་གི་དམག་ཞབས་ཐིམ་པའི་དམག་མིའི་དཔེ་སྟོན་སློབ་གསོའི་ནུས་པ་གང་ལེགས་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།