དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས།

    བདེ་འཇགས་ཀྱི་ཞིབ་བཤེར་བྱ་སྤྱོད་སྤེལ་ནས་སློབ་གྲྭའི་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-10

    འདི་ནི་ས་ཡུལ་དངོས་ལ་ཞིབ་བཤེར་བྱེད་བཞིན་པ།

    ཉེ་ཆར་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས་ཅུས་ཀྱི་ལས་ཁུངས་དང་ཁོངས་གཏོགས་ཁུལ་གྱི་ཉེན་དོན་ཞབས་ཞུའི་ས་ཚིགས་དང་མངགས་གཏོང་ཁང་བཅས་སྒྲིག་འཛུགས་བྱས་ཏེ། རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་དུ་བསྐྱོད་དེ་སློབ་གྲྭའི་བདེ་འཇཌ་ལ་ཞིབ་བཤེར་ཆེན་པོ་བྱས་པ་རེད།

    མི་དམངས་ཉེན་རྟོག་པ་སློབ་གྲྭའི་སློབ་ཁྲིད་ཐོག་བརྩེགས་ཁང་ཆེན་དང་། གཞུང་དོན་ཐོག་བརྩེགས་ཁང་ཆེན། ཉལ་ཁང་། ཟ་ཁང་། སློབ་གྲྭའི་མཐའ་འཁོར་སོགས་གཙོ་གནད་ས་ཁོངས་སུ་བསྐྱོད་དེ་སློབ་གྲྭའི་མེ་ཟོན་སྒྲིག་ཆས་དང་། གློག་དྲའི་གློག་སྐུད། བདེ་འཇགས་སྔོན་འགོག་བྱ་ཐབས་བཅས་འཐུས་སྒོ་ཚང་པོ་ཡོད་མེད་དང་། བདེ་འཇགས་དོ་དམ་ལམ་ལུགས་དོན་ཐོག་ཏུ་འཁྱོལ་མིན། གློག་མིག་སྒྲིག་ཆས་བེད་སྤྱོད་ཡོད་མེད། བདེ་སྲུང་ཐོ་འགོད་སྙན་སེང་ལམ་ལུགས་དོན་ཐོག་ཏུ་འཁྱོལ་མིན་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་མི་དམངས་ཉེན་རྟོག་པས་ས་གནས་ས་ཐོག་ཏུ་དག་ཐེར་བསམ་འཆར་བཏོན་པ་མ་ཟད། སློབ་གྲྭའི་མེ་ཟོན་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་དུས་བཀག་བཞིན་མེ་ཟོན་སྒྲིག་ཆས་དང་གློག་མིག་སྒྲིག་ཆས་ལ་ཞིབ་བཤེར་དང་སྲུང་སྐྱོང་བྱས་ནས་དེ་དག་རྒྱུན་གཏན་བཞིན་བེད་སྤྱོད་ཐུབ་པར་བྱེད་དགོས་པའི་བླང་བྱ་ཡང་བཏོན་པ་རེད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ཐེངས་ཀྱི་བྱ་སྤྱོད་སྤེལ་རིང་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་53དང་ཚོང་ཁང་150ལྷག་ལ་ཞིབ་བཤེར་བྱས་པ་དང་། བཀག་སྡོམ་བྱེད་ཁོངས་སུ་ཚུད་པའི་དངོས་རྫས་194དང་ཉེན་ཡོད་དངོས་རྫས་45གཞུང་གཞེས་བཏང་བ་རེད། ད་ཐེངས་ཀྱི་ཞིབ་བཤེར་བརྒྱུད། སློབ་གྲྭའི་དོ་དམ་མི་སྣའི་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་། སློབ་གྲྭ་དང་མཐའ་འཁོར་གྱི་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ཏན་ཏིག་ཐེབས་པ། སློབ་གྲྭའི་བདེ་འཇགས་དོ་དམ་གྱི་ཆུ་ཚད་མཐོ་རུ་ཕྱིན་པ། སློབ་གྲྭ་དང་མཐའ་འཁོར་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་མེད་པར་བཟོས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།