དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • མངའ་རིས་ས་ཁུལ་གྱིས་དུག་འགོག་ཤེས་བྱ་འཆད་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-10

    ཉེ་ཆར། སྦྲག་ཐོག་སྐུར་སྐྱེལ་ཐབས་ལམ་གྱི་དུག་འགོག་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ས་ཁུལ་ཡོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་དོན་པའི་དུག་འགོག་འདུ་ཤེས་དང་འགོག་ཟོན་ནུས་པ་ཆེ་རུ་བཏང་ནས་ལས་རིགས་བདེ་འཇགས་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་བྱ་ཆེད། ཉེ་ཆར། མངའ་རིས་ས་ཁུལ་སྦྲག་སྲིད་དོ་དམ་ཅུས་ཀྱིས་ས་ཁུལ་དུག་འགོག་གཞུང་ལས་ཁང་དང་མཉམ་དུ་དུག་འགོག་ཤེས་བྱ་འཆད་ཁྲིད་བྱས་པ་རེད།

    དུག་འགོག་ཤེས་བྱའི་འཆད་ཁྲིད་བྱེད་སྒོར། མངའ་རིས་ས་ཁུལ་གྱི་སྦྲག་སྲིད་ཁེ་ལས་དང་མྱུར་སྐྱེལ་ཀུང་སི་6གི་འགན་འཁུར་བ་དང་དེ་བཞིན་ལས་གཉེར་བ་ཞུགས་ཡོད་པ་རེད།

    “རིགས་པའི་གཞུང་ལུགས་གསལ་འགྲེལ་དང་ས་གནས་ས་ཐོག་གི་ལྟ་སྐོར་ཟུང་དུ་འབྲེལ་བའི”བྱ་ཐབས་བརྒྱུད་འཆད་ཁྲིད་བྱས་ཤིང་། སློབ་ཁྲིད་དགེ་རྒན་གྱིས་དུག་འགོག་ལས་དོན་གྱི་བླང་བྱ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་བཞིན་དུག་རྫས་ཀྱི་གནོད་འཚེ་སོགས་ཀྱི་ཤེས་བྱ་བརྒྱུད་རིམ་ལྡན་པའི་ངང་གསལ་འགྲེལ་བྱས་པ་དང་། ལྷག་པར་དུ་དུག་རྫས་ཐུམ་སྒྲིལ་གྱི་ཕྱི་དབྱིབས་དང་། སྐུར་སྐྱེལ་བྱེད་སྟངས། དེ་བཞིན་བསྐུར་མ་ལེན་སྐྱེལ་བྱེད་སྐབས་ཞིབ་འབྱེད་བྱེད་ཐབས་བཅས་ལ་དམིགས་ནས། གསལ་འགྲེལ་གཏིང་ཟབ་བྱས་པ་དང་ཆབས་ཅིག་སློབ་མ་ཡོངས་ཀྱི་སྣེ་ཁྲིད་དེ་དུག་འགོག་སློབ་གསོའི་རྟེན་གཞིར་ལྟ་སྐོར་ཡང་བྱས་པ་རེད།

    ད་ཐེངས་ཀྱི་འཆད་ཁྲིད་བརྒྱུད་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་ལས་དོན་པས་དུག་འགོག་ལས་དོན་ལ་ངོས་འཛིན་དེ་བས་གཏིང་ཟབ་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།