དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

    མཐོ་སློབ་ཏུ་ཤེས་རིག་བདག་དབང་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-10

    ཉེ་ཆར། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རྒྱལ་ཁབ་ཤེས་རིག་བདག་དབང་ཅུས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ། “མཐོ་སློབ་ཏུ་ཤེས་རིག་བདག་དབང་ཁྱབ་གདལ་གཏོང་བའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི་བྱེད་སྒོ་སྤེལ་རིང་རྒྱལ་ཁབ་ཤེས་རིག་བདག་དབང་ཅུས་ཀྱི་རིཌ་གཅིག་མཁས་ཅན་གྱིས《ཤེས་རིག་བདག་དབང་རགས་བཤད》ཅེས་པ་ཁ་བྱང་དུ་བྱས་ནས་བོད་ལྗོངས་ལས་རིཌ་ལག་རྩལ་སློབ་གླིང་གི་དགེ་སློབ་བརྒྱ་ལྷག་ཙམ་ལ་བརྗོད་དོན་གཙོ་བོའི་སློབ་ཁྲིད་བྱས་པ་དང་། ཤེས་རིག་བདག་དབང་གི་ཐ་སྙད་སྣ་ཚོགས་ལ་དོན་ཟབ་ལ་གོ་བདེ་བའི་འགྲེལ་བཤད་བརྒྱབ་སྟེ། དགེ་སློབ་ཚོར་ཤེས་རིག་བདག་དབང་ལམ་ལུགས་སྤྱད་དེ་ཚན་རྩལ་གསར་གཏོད་བྱེད་དགོས་པའི་ལྕག་སྐུལ་བྱས་པ་རེད། གཞན་ཡང“ཤེས་བྱར་བརྩི་འཇོག་དང་། གསར་གཏོད་གོང་བཀུར། ཡིད་རྟོན་ཁྲིམས་སྲུང་། དྲང་གཞག་འགྲན་རྩོད”བཅས་ལྟེ་བའི་འདུ་ཤེས་སུ་བྱས་པའི་ཤེས་རིག་བདག་དབང་གི་རིག་གནས་ཁྱབ་སྤེལ་ཡང་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།