ཚེ་སྲོག་ལ་གཅེས་སྤྲས་དང་བདེ་འཇགས་ཨང་དང་པོར་འཇོག་པ།
འདི་ནི་པེ་ཅིང་ལུའུ་ཧོ་སྨན་ཁང་གི་བོད་སྐྱོར་སྨན་པས་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་སྨན་དོན་པར་རིམས་འགོག་སྨན་ཁབ་མ་འཕྲོད་པར་དྲན་པ་ཐོར་རིགས་ལ་འཕྲལ་སྡོམ་མྱུར་སྐྱོབ་བྱ་ཐབས་མཛུབ་ཁྲིད་བྱེད་བཞིན་པ།
སྨན་དོན་པས་རྒྱུན་གཏན་གྱི་སྨན་བཅོས་ལས་དོན་ཁྲོད་ཐོལ་བྱུང་གི་གནས་ཚུལ་ལ་འཕྲལ་སྡོམ་ཐག་གཅོད་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་། མྱུར་སྐྱོབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། བརྒྱུད་རིམ་ཚད་ལྡན་ཡོང་བ། སྨན་དོན་པའི་འཕྲལ་སྡོམ་སྲོག་སྐྱོབ་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་དང་ཚོགས་པའི་མཉམ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་བ། སྨན་བཅོས་བདེ་འཇགས་ལ་འགན་ལེན་མཁོ་འདོན་བཅས་བྱ་ཆེད། ཉེ་ཆར། བར་སྐོར་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱིས་ཁྲེང་ཀོན་ཆུས་འཕྲོད་བསྟེན་ཁོངས་གཏོགས་ཀྱི་རིམས་འགོག་སྨན་ཁབ་མ་འཕྲོད་པར་དྲན་པ་ཐོར་རིགས་ལ་འཕྲལ་སྡོམ་མྱུར་སྐྱོབ་བྱེད་པའི་ནང་སྦྱོང་ཐེངས་དང་པོ་བྱས་ཡོད། རྒྱལ་ས་གསོ་རིག་སློབ་ཆེན་ཞོར་གཏོཌ་པེ་ཅིང་ལུའུ་ཧོ་སྨན་ཁང་གི་བོད་སྐྱོར་སྨན་པ་ཝང་ཡུས་ལིང་དང་། ཀྲའོ་ལི་ཧན། བར་སྐོར་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་སྨན་དོན་པ་ཚང་མ་བཅས་ཞུཌ་ཡོད་པ་རེད།
གོམ་སྟབས་རྗེས་མར། བར་སྐོར་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱིས་ད་ཐེངས་ཀྱི་སྔོན་འགྲོའི་ནང་སྦྱོང་གི་གནས་ཚུལ་གཞིར་བཟུང་། སླར་ཡང་ནང་སྦྱོང་བྱས་ཏེ་སྨན་དོན་པ་ཚང་མས་མྱུར་སྐྱོབ་རྩལ་ནུས་དེ་ཁོང་དུ་ཆུད་པར་འགན་ལེན་བྱས་ནས། “ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པ”དང“འཇོན་ཐང་ཆེ་རུ་གཏོང་བར་འབད་བརྩོན”བྱ་རྒྱུ་ཡིན་པ་རེད།