དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་གྱིས་བཟའ་བཅའི་བདེ་འཇགས་ཐད“ཁྱེད་ཀྱིས་གསུངས་དང་ང་ཡིས་ཞིབ་བཤེར་བྱེད”ཅེས་པའི་བྱེད་སྒོ་སྤེལ་བ།

    འཐེན་བཤེར་ཐེངས་235བྱས་པར་ཚད་གཞི་ལོན་ཚད་100%ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-10

    ཉེ་ཆར་གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་གྱི་བཟའ་བཅའི་བདེ་འཇགས་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ད་ལོ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཞིང་ཟོག་ཁྲོམ་རའི་བཟའ་བཅར་འཕྲལ་མྱུར་ཞིབ་དཔྱད་ཚད་ལེན་ཐེངས་4860བྱས་ཏེ་བཟའ་བཅའི་བདེ་འཇགས་ཐད“ཁྱེད་ཀྱིས་གསུངས་དང་ང་ཡིས་ཞིབ་བཤེར་བྱེད་པའི”བྱེད་སྒོ་སྤེལ་ནས་འཐེན་བཤེར་ཐེངས་235བྱས་པར་ཚད་གཞི་ལོན་ཚད་100%ཟིན་ཡོད་པ་རེད།

    བྱེད་སྒོར་ལྷོ་ཁ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཟས་སྤྱོད་ཞིང་ལས་ཐོན་རྫས་ལ་འཐེན་བཤེར་ཐེངས་506བྱས་པ་དང་། ཐོན་སྐྱེད་ཁེ་ལས་ཀྱི་བཟའ་སྣུམ་སོགས་ལ་འཐེན་བཤེར་ཐེངས་29དང་བཟོ་ཁང་ཆུང་གྲས་ལ་འཐེན་བཤེར་ཐེངས་16བྱས་པ། ཞིང་ལས་གྲོང་གསེབ་སྡེ་ཚན་གྱི་ཞིང་ལས་ཐོན་ཟོག་གི་སྤུས་ཚད་གྲངས་ཚད་ལ་ཞིབ་དཔྱད་ཚད་ལེན་ཐེངས་800དང་ངོ་བོ་གཏན་འཁེལ་གྱི་ཞིབ་དཔྱད་ཚད་ལེན་ཐེངས་1817བྱས་པར་ཞིབ་དཔྱད་ཚད་ལེན་གྱི་དཔྱད་གྲངས་ལོན་ཚད་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་98%ཀྱི་སྤྱིའི་བླང་བྱ་དང་མཐུན་ཡོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཅུས་ཀྲང་ནོར་བུ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ནས་བཟུང་གྲོང་ཁྱེར་ཚན་རྩལ་སྡེ་ཚན་གྱིས་ས་ཁོངས་ཀྱི་ཚན་རྩལ་མཐུན་སྦྱོར་གསར་གཏོད་རྣམ་གྲངས་5ལག་ལེན་བསྟར་བར་མ་དངུལ་སྒོར་ཁྲི་1000ཟིན་ཡོད། བཟའ་བཅའི་བདེ་འཇགས་ཁྱབ་ཁོངས་ཀྱི་ཚན་རྩལ་བོད་སྐྱོར་རྣམ་གྲངས་2ལ་མ་དངུལ་སྒོར་ཁྲི་60བཏང་ཡོད། གྲོང་ཁྱེར་རིམ་པའི་ཚན་རྩལ་འཆར་འགོད་རྣམ་གྲངས་ཁྲོད་ནས་རྣམ་གྲངས་14སྤྱི་འདོམས་བཀོད་སྒྲིག་བྱས་པར་མ་དངུལ་སྒོར་ཁྲི་751.1བཏང་ཡོད། གྲོང་ཁྱེར་བཟའ་བཅའི་བདེ་འཇགས་གཞུང་ལས་ཁང་གིས་ད་དུང་རང་སྐྱོང་ལྗོངས་ནས་མ་དངུལ་བརྩོན་ལེན་བྱས་ཏེ། གཞི་རིམ་བཟའ་བཅའི་འཕྲལ་མྱུར་ཞིབ་དཔྱད་ཚད་ལེན་ཁང་འཛུགས་སྐྲུན་རྣམ་གྲངས་ལ་སྤྱད་པས་གྲོང་ཁྱེར་ཡོངས་ཀྱི་བཟའ་བཅའི་ཞིབ་དཔྱད་ཚད་ལེན་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།