དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་ལོ་འཁོར་གྱི“ཁྲིམས་སྐྱོང་མི་སྣ”དང“ཁྲིམས་སྐྱོང་གསར་འགྱུར”གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-10

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ལོ་འཁོར་གྱི“ཁྲིམས་སྐྱོང་མི་སྣ”དང“ཁྲིམས་སྐྱོང་གསར་འགྱུར”གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་བོད་ལྗོངས་ཟློས་གར་ཁང་ཆེ་མོར་འཚོགས་པ་དང་། བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་དུས་རབས་གསར་པའི་རང་ལྗོངས་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་གསར་པ་མངོན་པ་དང་། ཁྲིམས་སྐྱོང་གི་དགོངས་དོན་དར་སྤེལ། ཁྲིམས་སྐྱོང་གི་སྟོབས་ཤུགས་མངོན་པ་བཅས་བྱས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མི་སེམས་སུ་གཏིང་ཟབ་ཟུག་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་དེ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་བྱ་དགའ་སྤྲོད་པའི་མཛད་སྒོར་ཕེབས་ཡོད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲང་ཡན་ཆིང་དང་། ཀྲང་ཧུང་པོ། ཡུས་ཡུན་ཀུའེ། ཚེ་བརྟན། ཞ་ཁེ་ཆིན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    བྱེད་སྒོའི་ཐོག་དགྲ་འདུལ་དང་། རྣམ་རྒྱལ། ཀའོ་ཅིང་ཧྲང་། འཛོམས་སྐྱིད། ངག་དབང་ཆོས་འཛིན། ཀྲང་མིན་ཧྲེང་། དབུན་ཡིའུ་ཁྲུན། ཙེང་ཞའོ་ཡན། བསོད་ནམས་དབང་གྲགས། མཱ་ཝུའེ་མིང་སོགས་འཐབ་ཕྱོགས་ཁག་ཏུ་མི་དམངས་ཀྱི་ལངས་ཕྱོགས་མཐའ་འཁྱོངས་དང་། མི་དམངས་མང་ཚོགས་ཀྱི་དོ་ཁུར་ལ་ཨ་ལན་སློག་པ། མི་དམངས་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཁྲིམས་ལྟར་ཐག་གཅོད་བྱེད་མཁན་ཁྲིམས་སྐྱོང་ལས་དོན་གྱི་ཕུལ་བྱུང་འཐུས་མི་10ལ་ལོ་འཁོར་གྱི“ཁྲིམས་སྐྱོང་མི་སྣའི”གཟི་བརྗིད་མཚན་སྙན་ཐོབ་པ་དང་། 《ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཤག་ཆུའི“ཁྱིམ་མཚེས་ཁྲིམས་ར”》དང་། 《ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི“དྲོ་སྐྱིད”ནར་མ་སོན་པའི་ཞིབ་དཔྱོད་ལས་དོན་ཁང》 《གཞིས་རྩེ་གྲོང་ཁྱེར་གྱི་ཁྲིམས་སྐྱོང་རིག་རྩལ་མཐའ་མཚམས་སུ་སྐྱོད་པ》 《ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཡར་ཀླུང་གཙང་པོ་སྲུང་སྐྱོང་སྲོལ་ཡིག》བཅས“ཁྲིམས་སྐྱོང་གསར་འགྱུར”4ལ་བྱ་དགའ་ཐོབ་པ་རེད།

    “དེ་རིང་ང་ལ་གཟི་བརྗིད་མཚན་སྙན་དེ་ཐོབ་པར་སྤོབས་པ་ཧ་ཅང་ཆེན་པོ་སྐྱེ་གི་འདུག ངས་གཟི་བརྗིད་མཚན་སྙན་དེ་སྒུལ་ཤུགས་སུ་བྱས་ནས་ཁྲིམས་སྐྱོང་གི་དད་སེམས་མུ་མཐུད་བརྟན་སྲུང་དང་། ཞིབ་དཔྱོད་བྱ་གཞག་ལ་མུ་མཐུད་ཞུགས་པ། གླིང་སྣེའི་ཁུལ་དུ་མཐར་སོན་ལ་འགྲན་སློང་བྱེད་པ། མཐར་སོན་ཁྲོད་རྩེར་སོན་དོན་གཉེར་བྱས་ཏེ་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་ལོ་འཁོར་གྱི“ཁྲིམས་སྐྱོང་མི་སྣ”ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་རྣམ་རྒྱལ་གྱིས་བཤད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི“ཁྲིམས་སྐྱོང་མི་སྣ”དང“ཁྲིམས་སྐྱོང་གསར་འགྱུར”གྱི་དཔྱད་འདེམས་དེ་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་རིམ་པ་བཞིན་འོས་སྦྱོར་དང་། རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ། འོས་མིའི་རྒྱབ་ལྗོངས་ཞིབ་བཤེར་སོགས་ཀྱི་ལྷུ་ཚིགས་བརྒྱུད། རྒྱ་ཁྱབ་ངང་ཞུགས་པ་དང་། ཡོངས་བསྒྲགས་དང་། གཞུང་དྲང་། དྲང་གཞག་བཅས་ཀྱི་སྒོ་ནས་ཞིབ་དཔྱད་ནན་པོ་བྱས་མཐར། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ཁྱབ་ཁོངས་སུ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཧུར་ཐག་ཞུགས་པ་དང་། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་སྤྱི་ཚོགས་དང་སྤྱི་དམངས་ཀྱིས་དོ་ཁུར་རྒྱ་ཁྱབ་བྱེད་པ། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་པ་བཅས་དང་འབྲེལ་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་དང་། ཁྲིམས་སྐྱོང་དགོངས་དོན་དར་སྤེལ། སྤྱི་ཚོགས་ཀྱི་གཞུང་དྲང་དྲང་བདེན་སྲུང་སྐྱོང་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་པའི་ཕུལ་བྱུང“ཁྲིམས་སྐྱོང་མི་སྣ”དང“ཁྲིམས་སྐྱོང་གསར་འགྱུར”ཁག་གཅིག་དཔྱད་འདེམས་བྱས་ཡོད། ཁོང་ཚོ་ཁག་གཅིག་ནི་ཁྲིམས་ལུགས་ཁྱབ་གདལ་གཏོང་མཁན་གྱི་དཔེ་ལྟ་ས་དང་ཁྲིམས་སྦྱོང་དཔེ་བཟང་བ་ཡིན་པ་དང་། ཁག་གཅིག་གིས་དམངས་ཀྱི་ཆེད་དུ་ཁེ་དབང་སྲུང་སྐྱོང་དང་དབུལ་སྐྱོར་དཀའ་སེལ་བྱེད་པ། ཁག་གཅིག་ནི་ཉེ་རིང་ཕྱོགས་ལྷུང་མེད་པར་ཉེས་གསོག་ལ་རྡུང་རྡེག་གཏོང་མཁན། ཁག་གཅིག་ནི་ལེགས་སྐྱེས་འབུལ་འདོད་ཆེ་ལ་ས་མཐོར་བརྩེ་སེམས་ཆེ་བ་བཅས་ཡིན་པས། ཁོང་ཚོའི་བྱས་རྗེས་ཀྱིས་མི་སེམས་ལ་གཡོ་འགུལ་ཟབ་མོ་ཐེབས་པ་མ་ཟད། ད་དུང་ཏང་ལ་ལྷག་བསམ་རྣམ་དག་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། དཀའ་ཉེན་ལ་མི་སྐྲག་པ། བློས་གཏོང་ལ་མི་སྐྲག་པ། བློ་གཅིག་སེམས་གཅིག་གིས་དམངས་ཆེད་ཞབས་འདེགས་ཞུ་བ་བཅས་ཀྱི་དུས་རབས་གསར་པའི་ཁྲིམས་སྐྱོང་འཛུགས་སྐྲུན་པའི་དཔའ་བོའི་ཉམས་འགྱུར་གང་ལེགས་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།