རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་རྩ་ཁྲིམས་དམ་འཇོག་མཛད་སྒོ་ལྷ་སར་འཚོགས་པ།
ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་རྩ་ཁྲིམས་དམ་འཇོག་མཛད་སྒོ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་དམ་འཇོག་ལ་ལྟ་སྐུལ་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།
དམ་བཅའ་བཞག་རྗེས་ཀརྨ་ཚེ་བརྟན་གྱིས་གསུང་བཤད་གནང་ཞིང་། ཁོང་གིས་དེ་རིང་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་གཅིག་པ་དེ་རེད། དམ་ཚིག་རེ་རེའི་རིན་ཐང་གཞལ་དུ་མེད་པས་ཚང་མས་སེམས་ལ་བརྟན་པོར་ངེས་པ་དང་ལག་ལེན་ཐོག་འཁྱོལ་བར་བྱས་ཏེ་རྩ་འཛུགས་ཀྱི་མངགས་བཅོལ་ཟབ་མོ་དང་མི་དམངས་ཀྱི་རེ་སྒུག་ཆུད་ཟོས་སུ་མི་གཏོང་རྒྱུའི་རེ་བ་ཡོད། ལྷག་བསམ་རྣམ་དག་ངང་འགན་འཁྲི་བསྒྲུབས་ཏེ“སྲུང་ སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་དང་། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་དང་། དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན། ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་སྲུང་བ། སྲོག་ཤིང་ལ་གོང་བཀུར་དང་། སྲོག་ཤིང་གི་རྗེས་སུ་འབྲངས་བ། སྲོག་ཤིང་སྲུང་སྐྱོབ་བཅས་མཐའ་གཅིག་ཏུ་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་བཏང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། དངོས་སྒྲུབ་འགན་སྒྲུབ་དང་འགན་འཁྲི་གཙང་སྒྲུབ་མཐའ་གཅིག་ཏུ་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོཌ་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་མཐའ་འཁྱོངས་བྱེད་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ། “དོན་ཆེན་བཞིར”དམིགས་པ་དང“འཛུཌ་གཏོད་བཞིར”ཤུགས་རྒྱག་པ། འཆར་གཞི་གཅིག་མཐར་ཕྱིན་པ་བཟོ་བ་བཅས་བྱས་ཏེ། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིམ་བཞིན་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་དགོས། ཁྲིམས་ལྟར་འགན་ནུས་བསྒྲུབས་ནས་དབང་ཆ་ནན་པོ་སྤྱོད་པ་དང་། རྩ་ཁྲིམས་ཀྱི་དབང་གྲགས་དང་ལ་རྒྱར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཁྲིམས་ལྟར་སྲིད་འཛིན་པར་སྐུལ་འདེད་ཏན་ཏིག་གཏོང་བ། ཁྲིམས་བཀོད་དབང་ཚད་དང་གོ་རིམ་ལ་ནན་པོར་གཞིགས་ནས་འགན་འཁྲི་ལག་བསྟར་དང་། དབང་ཆ་བེད་སྤྱོད། འགན་འཁྲི་འཁུར་བ་བཅས་བྱས་ཏེ། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་བྱ་ཐབས་སྤྱོད་པའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། སེམས་ནང་ཁྲིམས་ཡོད་པ་དང་བྱ་སྤྱོད་སྤེལ་བར་ངེས་པར་དུ་ཁྲིམས་ལ་བརྩི་སྲུང་ཞུས་ཏེ། སྲིད་གཞུང་གི་ལས་དོན་ཁག་ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་ཕྱོགས་ཡོངས་ནས་འཇུག་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།