དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-07

    ད་ལོའི་ཟླ་12ཚེས་4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་གཅིག་པ་ཡིན་པ་དང་། ཟླ་12ཚེས་1ནས་7ཉིན་བར་ནི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”ཐེངས་བདུན་པ་རེད། ཚེས་4ཉིན། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་སྤེལ་ཏེ་རྩ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་དང་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་བཏང་ནས་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་བའི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱས་ཡོད།

    གཞིས་རྩེ་གྲོང་ཁྱེར་དུ་2024ལོའི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན་དང“12·4”ཡི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་ཐང་ཆེན་དུ་ཚ་ཚ་འུར་འུར་ངང་སྤེལ་ཡོད། བྱེད་སྒོ་སྤེལ་ཡུལ་དུ་གཞིས་རྩེ་གྲོང་ཁྱེར(ཆུས་དང་ཀྲུང་དབྱང)ཐད་གཏོགས་ཚན་པ་ཁག་གིས་དྲིལ་བསྒྲགས་འགྲེམ་གནས་བཙུགས་ཏེ་གྲོང་མིར་བཅའ་ཁྲིམས་བློ་འདྲི་བྱས་ནས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་འཚོ་བའི་རྒྱུན་ཤེས་ཁྱབ་གདལ་བཏང་བ་དང་སྦྲགས། དྲིལ་བསྒྲགས་དངོས་པོ་ཁྱོན་8800ལྷག་ཙམ་དང་དྲིལ་བསྒྲགས་དཔྱད་ཡིག་ཁྲི་1.6ལྷག་ཙམ་སྤྲད་ནས་མང་ཚོགས་1200ལྷག་ཙམ་ས་གནས་ས་ཐོག་ཏུ་ལྟ་བར་ཡོང་རྒྱུའི་ཡིད་དབང་བཀུག་པ་དང་དྲ་ཐོག་ནས་ཐད་གཏོང་ལྟ་མཁན་མི་གྲངས་ཁྲི་5ལྷག་ཙམ་ཟིན་ཡོད།

    དེ་དང་དུས་མཚུངས། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭར་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་། ཁྲིམས་འཛིན་ཐིང་། དེ་བཞིན་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས། གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“རྩ་ཁྲིམས་ཞོགས་ཀློག”གི་བྱེད་སྒོ་ཡང་ཚ་ཚ་འུར་འུར་ངང་སྤེལ་བ་དང་། དགེ་སློབ་ཚོས་རྒྱལ་ཡོངས་སློབ་གསོའི་ཁོངས་གཏོགས་ཀྱི“རྩ་ཁྲིམས་ཞོགས་ཀློག”བྱེད་སྒོའི་ཐད་གཏོང་བལྟས་པ་དང་འབྲེལ། རྩ་ཁྲིམས་ཀྱི་དོན་ཚན་ཁ་ཤས་མཉམ་དུ་ཀློག་པ་དང《ང་ཚོ་རྩ་ཁྲིམས་ཀྱི་སྲུང་སྐྱོང་འོག་འཚར་ལོངས་བྱེད》ཅེས་པའི་གླུ་གཞས་མཉམ་དུ་བཏང་བས་རྩ་ཁྲིམས་ཀྱི་བླ་ན་མེད་པའི་གཟི་བརྗིད་ཀྱི་མྱོང་ཚོར་ཟབ་མོ་བྱུང་བ་མ་ཟད། ཁྲིམས་སྐྱོང་གི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ཡོད།

    ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭའི་བསམ་བློ་ཆབ་སྲིད་གཞུང་ལས་ཁང་གི་ཀྲུའུ་རེན་ཉི་སྒྲོན་གྱིས་སློབ་ཆུང་གི་དུས་མཚམས་ནི་རིན་ཐང་གི་ལྟ་བ་འཛུགས་པའི་འགག་རྩའི་དུས་མཚམས་ཡིན་པས། རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་བཏང་ཚེ་སློབ་མའི་ཁྲིམས་སྐྱོང་གི་བྱང་ཚད་སྐྱེད་སྲིང་དང་ཁྲིམས་སྐྱོང་གི་ས་བོན་ཁོང་ཚོའི་སེམས་ནང་རྩ་བ་ཚུགས་ནས་མྱུ་གུ་འབུས་པར་ཕན་ཐོགས་ཡོད་ཅེས་བརྗོད།

    ཚེས་4ཉིན། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གི་སྣེ་ཁྲིད་དང་སྒྲིག་འཛུགས་འོག གོ་འཇོ་རྫོང་ཞིང་ལས་དངུལ་ཁང་གི་སྒོ་རྩར“རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་ཤུགས་ཆེན་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི“12·4”ཡི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་ཡང་སྤེལ་ཡོད།

    བྱེད་སྒོར་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་བློ་འདྲིའི་ལས་སྟེགས་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རྒྱ་ཆེའི་མི་དམངས་མང་ཚོགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》སོགས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཡོད། ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་དུ་ཁྲིམས་ལུགས་ཀྱི་བློ་འདྲི་མི་ཐེངས་30ལྷག་ཙམ་ལ་ལན་བརྒྱབ་པ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་200ལྷག་ཙམ་སྤྲད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།