དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ནས་རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་ལ་རྡུང་རྡེག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-06

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱི་རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་ཚོགས་འདུ་འཚོགས་ཏེ་ལྷ་ས་གྲོང་ཁྱེར་གྱི་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ཆེད་དོན་བཅོས་སྒྲིག་བྱ་སྤྱོད་བཀོད་སྒྲིག་ཀྱང་བྱས་ཡོད།

    ཚོགས་འདུའི་ཐོག་བསྟན་དོན། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གཙོ་གནད་འབུར་དུ་ཐོན་པ་དང་། བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། དམིགས་ཚད་གཏན་འཁེལ་བཅས་བྱས་ཏེ་འགག་སྒྲོལ་གྱི་ཁ་ཕྱོགས་ནུས་ཤུགས་ཡོད་རྒུས་སྟངས་འཛིན་བྱེད་དགོས། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་ཇུས་གཞི་བཟོས་ཏེ། དུས་མཚམས་རེ་རེའི་ལས་འགན་ཁ་གསལ་དང་ནང་དོན་དང་གོ་རིམ་ཞིབ་ཚགས་སུ་གཏོང་ཐུབ་ཅིང་། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཡུན་ཉིན་15ཡི་རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ཡོད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་ནུས་ཚན་ཁག་གིས་འགན་འཁྲི་གཞིར་བཟུང་། གཞི་རིམ་ཡན་ལག་ཅུས་ཁག་གི་ལས་སྒོའི་མཛུབ་ཁྲིད་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་བཅོས་སྒྲིག་བྱ་སྤྱོད་སྤེལ་བའི་ཁྲོད་འཕྲད་པའི་དོགས་གཞི་དང་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས། དཔེ་མཚོན་གྱི་གྱོད་དཔེ་ཁག་གཅིག་དུས་བསྟུན་དམར་འདོན་བྱས་ཏེ་ཟིལ་གནོན་གྱི་རྣམ་པ་ནུས་ལྡན་ཞིག་ཆགས་པར་བྱེད་དགོས། རྫོང(ཆུས)ཁག་གི་ཅུས་ཀྱི་འགོ་ཁྲིད་གཙོ་བོས་འགན་འཁྲི་འཁུར་ཕོད་པར་བྱས་ནས་སྤྱི་འདོམས་སྐུལ་འདེད་བཏང་སྟེ་ཆེད་དོན་བྱ་སྤྱོད་ཏན་ཏིག་དང་ཞིབ་ཚགས་སྤེལ་ནས་ཆེད་དོན་བཅོས་སྒྲིག་ལས་དོན་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས།

    དེ་མིན་ད་དུང་ཚོགས་འདུའི་ཐོག་ཤེས་དཔལ་ལ་བརྟེན་ནས་གྲོང་ཁྱེར་འཛུགས་གཏོད་དང་སློབ་གྲྭ་འབྲིང་ཆུང་གི་བཟའ་བཅའི་བདེ་འཇགས་ལས་དོན་དོན་འཁྱོལ་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་ཐད་ཀྱང་བཀོད་སྒྲིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།