འོས་འགན་སྨན་བཅོས་བྱས། དམངས་ཀྱི་དགའ་བསུ་ཐོབ།
ཉེ་ཆར། གཞིས་རྩེའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ས་དམར་མདའ་མཐའ་མཚམས་མངགས་གཏོང་ཁང་གིས་ལྷ་ས་ཧྥུའུ་ཁང་སྨན་ཁང་གི“དྲུག་སྤེལ”སྨན་བཅོས་ཞབས་ཞུ་ཚོགས་པ་དང་མཐུན་སྦྱོར་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་རིན་མེད་སྨན་བཅོས་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་སྨན་བཅོས་ཚོགས་པས་མང་ཚོགས་ལ་བརྟག་དཔྱད་ཞིབ་ཚགས་བྱས་པ་དང་བདེ་ཐང་གི་དོགས་གཞི་སྣ་ཚོགས་ལ་ལན་ཞིབ་ཕྲ་བརྒྱབ་པ་མ་ཟད། སྨན་རིན་མེད་སྤྲད་ནས་ཁོང་ཚོར་དུས་ཐོག་ཏུ་སྨན་བཅོས་ཐུབ་པའི་འགན་ལེན་བྱས་པ་རེད། འདི་ནི་འོས་འགན་སྨན་བཅོས་བྱ་ཡུལ་ཡིན་པ།